| e-texts navigator |
| Wylie |
156a1 པ་རྒྱུ་ཟད་པ་མ་ཡིན་པ་དོན་རྒྱ་ཆེ་བ་ཟད་པར་མི་འགྱུར་རོ།། དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ལས
156a2 བྱུང་བའི་བསོད་ནམས་དེ་ལ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དཔེར་ཡང་མི་བཟོད་དོ།། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི
156a3 རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་བཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་རྣམ་གྲངས་འདི་ཐེག
156a4 པ་ཆེན་པོ་ལ་དད་པ་རབ་ཏུ་བསྒོམ་པ་ཞེས་བྱ་བར་ཡང་ཟུང་ཤིག། ཐེག་པ་ཆེན་པོ་ལ་དད་པ་འཇུག་པ་ཞེས་བྱ་བར་ཡང་ཟུང་ཤིག། ཐེག་པ་ཆེན་པོ་ལ་དད་པ་རྣམ་པར
156a5 འཕེལ་བ་ཞེས་བྱ་བར་ཡང་ཟུང་ཤིག། ཐེག་པ་ཆེན་པོ་ལ་དད་པ་ངེས་པར་འབྱུང་བ་ཞེས་བྱ་བར་ཡང་ཟུང་ཤིག། དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ཐེག་པ་ཆེན་པོ་ལ
156a6 དད་པ་རབ་ཏུ་བསྒོམ་པ་ཞེས་བྱ་བའི་ཚིག་བླ་དགས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན
156a7 པའི་འཁོར་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ།།
156a8 འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་བསྒོམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །