| e-texts navigator |
| Wylie |
154a1 ནས་འཇུག་པ་ཡོན་ཏན་གྱི་ཚོགས་ཚད་མེད་པས་བརྒྱན་པ་དང་། པད་མོ་ཆེན་པོའི་རྒྱལ་པོས་བརྟན་པའི་གཞལ་མེད་ཁང་ཆེན་པོ་དང་།
154a2 དེ་བཞིན་གཤེགས་པ་རྣམས་བཞུགས་སྟེ། རིགས་ཀྱི་བུ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་བཏང་སྟེ། སྦྱོར་བར་བྱེད་པ་དེ་དག་གིས་དེ་བཞིན་གཤེགས་པའི
154a3 གཞལ་མེད་ཁང་ལྟ་བུ་ཡང་ཐོབ་པར་གྱུར་ན། གང་དག་དེ་བཞིན་ཉིད་དུ་སྦྱོར་བར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས
154a4 སོ་ལེགས་སོ།། རིགས་ཀྱི་བུ་ཇི་ལྟར་ཁྱོད་ཀྱི་བཤད་པ་བཞིན་ཏེ། གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་སྔོན་དུ་སྦྱོར་བ་བཏང་ནས། སྦྱོར་བར་བྱེད་པ་དེ་དག་རིང་པོར་མི
154a5 ཐོགས་པར་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོ་བྱད་འདི་དག་དང་། དེ་བཞིན་གཤེགས་པའི་གཞལ་མེད་ཁང་དེ་ཡང་ཐོབ་པར་གྱུར་ན། གང་དག་འདི་ལ་དེ་བཞིན་ཉིད་དུ་སྦྱོར
154a6 བར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ
154a7 མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་དང་། ཀློག་པ་དང་། ཡི་གེར་འདྲི་བ་དང་། འདོན་པ་དང་། ཉན་པ་དང་། ཁ་སྟོན་བགྱིད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར
154a8 རབ་ཏུ་སྟོན་པ་དང་། ཚུལ་བཞིན་དུ་བྱས་པ་དང་། བསྒོམ་པའི་རྣམ་པར་སྤོར་བ་དེ་དག་བསོད་ནམས་ཅི་ཙམ་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བསྩལ་པ། ཀན་དགའ