e-texts navigator
Collection
Volume
Page
Wylie

153b1 རྣམས་བཞུགས་པའི་གཞལ་མེད་ཁང་ཅི་འདྲ། བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད
153b2 པ། འཇིག་རྟེན་གྱི་ཁམས་ཚད་མེད་པ་རྒྱས་པར་འགེངས་པའི་འོད་གཟེར་ཆེན་པོ་ཤིན་ཏུ་འགྱུར་བ། གནས་གཞན་དག་ཤིན་ཏུ་རྣམ་པར་ཕྱེ་བ་ཚད་མེད་པ་རྣམ་པར་གཞག་པ།
153b3 འཁོར་གྱི་ཁྱམས་ཡོངས་སུ་མ་འཆད་པ། ཁམས་སུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་གྱི་མཚན་ཉིད་འཇིག་རྟེན་ལས་འདས་པའི་བླ་མའི་དགེ་བའི་རྩ་བ་ལས་བྱུང
153b4 བ་དབང་སྦྱར་བའི་རྣམ་པར་རིག་པ་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་གནས། ལྷ་དང་། ཀླུ་དང་།
153b5 གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དཔག་ཏུ་མེད་པ་རྣམ་པར་རྒྱུ་བ།། ཆོས
153b6 ཀྱི་རོ་དགའ་བ་བདེ་བ་ཆེན་པོས་བརྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པས་ཉེ་བར་གནས་པ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་གདོན་ཐམས་ཅད་དང་།
153b7 བྲལ་བ་འདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ། དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས་བཀོད་པ། དྲན་པ་དང་། བློ་གྲོས
153b8 དང་། རྟོག་པ་ཆེན་པོས་ངེས་པར་འགྲོ་བཞི་གནས་དང་། ལྕག་མཐོང་ཆེན་པོའི་ཐེག་པ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཆེན་པོ།




iiif viewer powered by OpenSeadragon

153a - 154a

Texts on this page

F184 - 'phags pa theg pa chen po la dad pa rab tu sgom pa zhes bya ba theg pa chen po'i mdo