e-texts navigator
Collection
Volume
Page
Wylie

153a1 ཐོས་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྣོད་སྤྱད་དང་། ཆོག་ཆས་དང་ཡོ་བྱད་དོ།། སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་བསམ་གཏན་དང་།
153a2 རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། སྒྲིབ་པ་ཐམས་ཅད
153a3 རྣམ་པར་དག་པའི་ཆོས་ཀྱི་རྫོགས་པར་ལོངས་སྤྱོད་པ་བསྤེལ་བའི་གཏམ་རྣམ་པར་གདོན་མི་ཟ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་གླུ་དང་། གར་དང་། རོལ་མོའི་དབྱངས་སྒྲ།
153a4 སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་གཟུངས་ཀྱི་སྒོ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མར་མེའོ།། སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་ཏིང་ངེ་འཛིན་གྱི་སྒོ་དང་། རྣམ་པར
153a5 ཐར་པའི་སྒོ་དང་། རྣམ་པར་ཐར་པའི་སྒོ་རྣམས་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་བུད་མེད་དང་། སྐྱེས་པ་དང་། ཀུན་སྤྲོད་པའི་ཡོ་བྱད་དོ།། རིགས་ཀྱི་བུ་དེ་ལྟར་ཆོས་ཀྱི
153a6 རྣམ་གྲངས་འདི་ལ་མོས་པ་སྔོན་དུ་བཏང་སྟེ། སྦྱོར་བར་བྱེད་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོ་བྱད་བཅུ་པོ་འདི་དག་རིང་པོ་མི་ཐོག་པར་ཀུན་རྫོབ་དང་། དོན་དམ་པར
153a7 ཡང་ཐོབ་པར་གྱུར་ན། གང་དག་འདི་ལ་དེ་བཞིན་ཉིད་དུ་སྦྱོར་བ་ལྷ་མོས་ཀྱང་ཅི་དགོས་ཏེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡོ་བྱད་བཅུ་པོ་འདི་དག་ཐོབ་པར་གྱུར་པའི་སྟེང
153a8 དུ། དེ་དག་གིས་གཞལ་མེད་ཁང་དེ་བཞིན་གཤེགས་པ་རྣམས་བཞུགས་པའི་གཞལ་མེད་ཁང་དེའང་ཐོབ་པར་འགྱུར་རོ།། སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ།




iiif viewer powered by OpenSeadragon

152b - 153b

Texts on this page

F184 - 'phags pa theg pa chen po la dad pa rab tu sgom pa zhes bya ba theg pa chen po'i mdo