e-texts navigator
Collection
Volume
Page
Wylie

152a1 བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་ལས་དཔ
152a2 པོ་པའི་བྱང་ཆུབ་སེམས་དཔའ་མོས་པ་སྤྱོད་པ་ལ་ཞགས་པ་རྣམས་ལ་ཐེག་པ་ཆེན་པོ་ལ་དད་པའི་མཚན་ཉིད་ཕུན་སུམ་ཚོགས་པ་བསྟན་པ་དང་། སྐྱེས་པ་ཕུན་སུམ་ཚོགས་པ་བསྟན
152a3 པ་དང་། རབ་ཏུ་དབྱེ་བ་ཕུན་སུམ་ཚོགས་པ་བསྟན་པ་དང་། ཕན་ཡོན་ཕུན་སུམ་ཚོགས་པ་བསྟན་པ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་རྗེས་སུ་དཔག་པ་དང་། རྗེས་སུ་འཇུག
152a4 པ་འདིས་བྱང་ཆུབ་སེམས་དཔའ་གཞན་དག་གི་ཡོན་ཏན་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པ་ཚད་མ་མཆིས་པ་དག་ཀྱང་བརྗོད་པར་འགྱུར་རོ།། ཆོས་ཀྱི་རྣམ་གྲངས་འདི་བཤད
152a5 བ་ནི། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལྔ་སྟོང་བྱང་ཆུབ་སེམས་དཔའི་ཆོས་མངོན་པར་རྟོགས་པའི་རྗེས་སུ་འཐུན་པའི་བཟོད་པ་ཆེན་པོ་སྐྱེས་སོ།། འཁོར་དེར་འདས
152a6 པ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལྷག་མ་རྣམས་ཀྱང་མོས་པ་ལས་མི་གཡོ་བའི་ཚུལ་གྱིས་མོས་པ་ཀླད་དུ་བྱེད་པའི་བཟོད་པ་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་ལ
152a7 བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལ་ལ་དག་ཆོས་ཀྱི་རྣམ་གྲངས་འདི་ལས་མོས་པ་སྔོན
152a8 དུ་བཏང་སྟེ། སྦྱོར་བར་བགྱིད་པ་ནི་རིང་པོར་མི་ཐོགས་པར་དེ་དག་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་ཟས་དང་། བཏུང་བ་དང་། གཞོན་པ་དང་། ན་བཟའ་དང་། རྒྱན་དང




iiif viewer powered by OpenSeadragon

151b - 152b

Texts on this page

F184 - 'phags pa theg pa chen po la dad pa rab tu sgom pa zhes bya ba theg pa chen po'i mdo