| e-texts navigator |
| Wylie |
151b1 དང་ལྡན་པར་གྱུར་པ་དེའི་མཐུ་འདི་ཆེ་བའོ་སྙམ་སྟེ། དད་པའི་སེམས་ཅིག་བརྙེད་ནས་དེ་དག་འཆི་བའི་དུས་བྱས་ཏེ། ཤི་འཕོས་ནས་རྒྱུ་དེ་ཉིད་ཀྱིས་མཚུངས་པར་དེ་དག།
151b2 ལྷར་སྐྱེས་པ་ནས་རིམ་གྱིས་རྒྱུ་དེ་ཉིད་ཀྱི་ངའི་བསྟན་པ་ལ་དད་པ་རྙེད་དེ་ལ་ལ་ནི་ཉན་ཐོས་ཀྱི་ཐེག་པས། ལ་ལ་ནི་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས
151b3 འདས་སོ།། ལ་ལ་ནི་ཐེག་པ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ།། རིགས་ཀྱི་བུ་རྣམ་གྲངས་འདི་ངས་མངོན་པར་ཤེས་ཏེ།
151b4 བགྲང་བ་ལས་འདས་པའི་སེམས་ཅན་དག་གང་གི་ཕྱིར་དེ་བཞིན་གཤེགས་པའི་ཐེག་པ་ཆེན་པོ་ལ་དད་པ་སྲབ་ཅིང་ཆུང་བའི་སེམས་ཅིག་གི་ཀྱང་ཁ་ཅིག་ནི་ངན་སོང་ལས་ལོག
151b5 པར་གྱུར། ཁ་ཅིག་ནི་ཀུན་ནས་ཉོན་མོངས་པར་གྱུར་པའི་ལུས་ལས་ལོག་པར་གྱུར་ཏོ།། ལོག་ནས་ཀྱང་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་རྗེས་སུ་འཐོབ་བོ།། ཐེག་པ
151b6 ཆེན་པོ་ལ་དད་པའི་སེམས་སྲབ་ཅིང་ཆུང་བ་དེས་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་རྣམ་པ་ཐམས་ཅད་ཀྱང་རྗེས་སུ་འཐོབ་བོ།། རིགས་ཀྱི་བུ་བྱང་ཆུབ
151b7 སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་སྲབ་ཅིང་ཆུང་བ་ཅིག་གི་ཕན་ཡོན་ཡང་དེ་ལྟར་ཚད་མེད་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་རྒྱུན་ཏུ་འབྱུང
151b8 ཞིང་ཆུ་བོ་ལྟར་འབབ་པའི་ཕན་ཡོན་ལྷ་མོས་ཀྱང་ཅི་དགོས་ཏེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཡང་བརྗོད་པར་སླ་བ་མ་ཡིན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་།