| e-texts navigator |
| Wylie |
151a1 དེར་སོང་ངོ་།། དེའི་ཚེ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཁོར་བརྒྱ་ཕྲག་དུ་མས་བསྐོར་ཏེ། མདུན་གྱིས
151a2 ལྟས་ནས་ཆོས་སྟོན་ཅིང་བཞུགས་སོ།། དེ་ནས་མུ་སྟེགས་ཅན་ལྔ་བརྒྱ་ཙམ་པོ་དེ་དག་གིས། ཀྱེ་མའོ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཁོར་སྙན་པ་གསུང་བའོ།།
151a3 ཞེས་དད་པའི་སེམས་ཅིག་རྙེད་ནས་དེ་དག་འཆི་བའི་དུས་བྱས་སོ།། དེ་དག་རྒྱུ་དེས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་པ་ནས། རྒྱུ་དེ་ཉིད་ཀྱི་རིམ་གྱིས་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ།
151a4 ཟག་པ་ཟད་པ་རྗེས་སུ་ཐོབ་པའི་བར་དུའོ།། རིགས་ཀྱི་བུ་ངས་མངོན་པར་ཤེས་ཏེ་གང་གི་ཕྱིར་དེ་བཞིན་གཤེགས་པས་འོད་ཟེར་གང་གི་སེམས་ཅན་དམྱལ་བར་སྐྱེས་པའི་སེམས
151a5 ཅན་རྣམས་སེམས་ཅན་དམྱལ་བ་ནས་བྱུང་བར་འགྱུར་བའི་འོད་ཟེར་བཀྱེ་བས། དེས་སེམས་ཅན་དམྱལ་བའི་གནོད་པའི་སེམས་ཅན་རྣམས་ལ་རེག་ནས། སེམས་ཅན
151a6 དམྱལ་བའི་གནོད་པའི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་དེ། བདེ་བ་དང་ལྡན་པར་གྱུར་ནས་དེ་དག་འདི་སྙམ་དུ་གང་གི་བདག་ཅག་གི་སེམས་ཅན་དམྱལ་བའི་གནོད་པི་སྔག
151a7 བསྔལ་ཐམས་ཅད་རྒྱུན་ཆད་ནས། བདེ་བ་དང་ལྡན་པར་གྱུར་པ་འདི་སུའི་མཐུ་སྙམ་པ་དང་། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ནས་དེ་དག་གིས་དེ་བཞིན་གཤེགས
151a8 བའི་སྐུ་མཐོང་ངོ་།། མཐོང་ནས་ཀྱེ་མའོ་གང་གི་བདག་ཅག་གི་སེམས་ཅན་བདག་ཅག་གི་སེམས་ཅན་དམྱལ་བའི་གནོད་པའི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་ནས་བདེ་བ