e-texts navigator
Collection
Volume
Page
Wylie

150b1 གྱུར་པའི་བར་དུའོ།། རིགས་ཀྱི་བུ་ངས་མངོན་པར་ཤེས་ཏེ། འདས་པའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཚེ། རྒྱལ་པོའི་ཁབ་འདི་ཉིད
150b2 དུ་ཟས་འདོད་ཅེས་བྱ་བའི་བྲམ་ཟེ་ཞིག་བྱུང་ངོ་།། ཟས་འདོད་ན་དེ་སངས་རྒྱས་དང་། ཆོས་དང་དགེ་འདུན་དཀོན་མཆོག་ལ་རང་བཞིན་མ་དད་ན་བསྙེན་བཀུར་ལྟ་ག་ལ་ཞིག་བྱེད
150b3 དེའི་ཚེ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་གཤེགས་པ་དང་། བྲམ་ཟེ་དེ་ཡང་དོན་ཞིག་གཉེན
150b4 ཞིང་རྒྱལ་པོའི་ཁབ་ནས་བྱུང་ངོ་།། དེ་བྱང་བ་དང་བཅོམ་ལྡན་འདས་རྣམ་པར་གཟིགས་དེ་གཤེགས་པ་དེ་མངོན་དུ་མཐོང་ངོ་།། མཐོང་ནས་ཀྱང་དེས་གཟུགས་མཛེས་པ་ལ་དམིགས
150b5 ཏེ་ཀྱེ་མའོ་བཅོམ་ལྡན་འདས་རྣམ་པར་གཟིགས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་དང་དཔེ་བྱད་བཟང་པོ་རྣམས་ཀྱི་སྐུ་ལེགས
150b6 པར་བརྒྱན་ཏོ་ཞེས་དད་པའི་སེམས་ཅིག་རྙེད་ནས་འཆི་བའི་དུས་བྱས་སོ།། དེ་རྒྱུ་དེས་རབ་མཚེ་མའི་ལྷའི་ནང་དུ་སྐྱེས་པ་ནས། རྒྱུ་དེ་ཉིད་ཀྱིས་རིམ་གྱིས་བླ་ན་མེད་པ་ཡང་དག
150b7 པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་པའི་བར་དུའོ།། རིགས་ཀྱི་བུ་ངས་མངོན་པར་ཤེས་ཏེ། འདས་པའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི
150b8 ཚེ་རྒྱལ་པོའི་ཁབ་འདི་ཉིད་དུ་གཞན་མུ་སྟེགས་ཅན་ལྔ་བརྒྱ་ཞིག་བྱུང་སྟེ། དེ་དག་སྐད་ས་བཙལ་བའི་བསམ་པས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ




iiif viewer powered by OpenSeadragon

150a - 151a

Texts on this page

F184 - 'phags pa theg pa chen po la dad pa rab tu sgom pa zhes bya ba theg pa chen po'i mdo