e-texts navigator
Collection
Volume
Page
Wylie

150a1 བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་གཞན་མུ་སྟེགས་ཅན་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་གཞོམ་པ་དང་འཐུན་པའི
150a2 ཕྱིར་ལྕེ་འབབ་པ་ལྟ་བུར་བལྟའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་འཇོམ་པར་བྱེད་པ་དང་འཐུན་པའི
150a3 ཕྱིར་ལོ་ལེགས་པ་ལྟ་བུར་བལྟའོ།། རིགས་ཀྱི་བུ་ངས་མངོན་པར་ཤེས་ཏེ། འདས་པའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཚེ་རྒྱལ་པོ་ཁབ་འདི་ཉིད་དུ་བུད
150a4 མེད་གྲོད་པའི་ཐ་ཆད་ཕྱག་དར་བྱེད་པར་ངན་འགྲོ་བཞི་བྱུང་སྟེ། དེས་ཁྱིམ་བདག་ཆེ་གེ་མོ་ཞེས་བྱ་བ་ཞིག་གི་ཁྱིམ་དུ་སངས་རྒྱས་ལ་སོགས་པ། དགེ་སློང་གི་དགེ་འདུན་སྤྱན
150a5 འདྲེན་ཅེས་ཐོས་ནས་དེས་དེ་བཀྲེས་པ་དང་སྐོམ་པས་ཉན་པས་ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་སོང་བ་དང་། དེར་འཁོར་གྱི་ཁྱིམ་ན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ
150a6 འདུན་རབ་ཏུ་ཞི་བའི་སྤྱོད་ལམ་དུ་གནས་པ་དང་། བཤོལ་འདྲིན་པ་མཐོང་ངོ་།། བུད་མེད་དེས་སྤྱོད་ལམ་ཕུན་སུམ་ཚོགས་པས་ཚོགས་པ་དེ་དང་ཚོགས་ཀྱིས་བསྐོར་བ་མཛེས་པ
150a7 དེ་ཡང་མཐོང་ནས། ཀྱེ་མའོ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་རབ་ཏུ་ཞི་བའི་སྤྱོད་ལམ་དང་། ཞམ་རིང་བ་མཛེས་པས་སོ་ཞེས་དད་པའི་སེམས
150a8 ཅིག་བསྐྱེད་ནས་དེ་འཆི་བའི་དུས་བྱས་སོ།། དེ་རྒྱུ་དེ་ཉིད་ཀྱི་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སྐྱེས་པ་ནས། རྒྱུ་དེ་ཉིད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར




iiif viewer powered by OpenSeadragon

149b - 150b

Texts on this page

F184 - 'phags pa theg pa chen po la dad pa rab tu sgom pa zhes bya ba theg pa chen po'i mdo