e-texts navigator
Collection
Volume
Page
Wylie

149b1 དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་དེ་ལས་གཞན་དུ་དད་པ་ཐམས་ཅད་ཟིལ་གྱི་གནོན་པའི་དབང་རྙེད་པའི་ཕྱིར་རྒྱལ་བུ་ལྟ་བུར་བལྟའོ།། བྱང་ཆུབ་སེམས་དཔའ་རྣམས
149b2 ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་ཡུན་རིང་པོ་ནས་རྗེས་སུ་འབྲང་བའི་ངན་སོང་དང་གནོད་སེམས་དང་། སྡིག་པ་མི་དགེ་བའི་ལས་དང་ཉོན་མོངས་པའི་དུག་གི་གཉེན་པོར་གྱུར་པའི
149b3 བྱིར་སྨན་ནད་མེད་བྱེད་ལྟ་བུར་བལྟའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་དགེ་བའི་རྩ་བ་གཅོད་པ་ལ་དད་པའི་མཚོན་ཆའི་གཉེན་པོར་གྱུར་པའི་ཕྱིར་རྡོ
149b4 ལྟ་བུར་བལྟའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པར་བྱེད་པ་དང་།
149b5 གདུང་བར་བྱེད་པ་དང་། མྱ་ངན་གྱི་མེའི་གཉེན་པོར་གྱུར་པའི་ཕྱིར་ཆུ་ལྟ་བུར་བལྟའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དང་བ་ནི་མི་འདོད་པ་ཐམས་ཅད་བྲལ
149b6 བར་བྱེད་པ་ཉོན་མོངས་པའི་དགྲའི་གཉེན་པོར་གྱུར་པའི་ཕྱིར་ལག་ཆ་བཟང་པོ་ལྟ་བུར་བལྟའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་རྟག་པར་རྒྱུན་དུ་དཀར
149b7 པོའི་ཕྱོགས་ཀྱི་ཆོས་རྣམ་པར་འཕེལ་བའི་ཕྱིར་ཟླ་བ་ལྟ་བུར་བལྟའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ཚད་མེད་པས་སྣང་བར་བྱ་བ་དང
149b8 འཐུན་པའི་ཕྱིར་ཉི་མ་ལྟ་བུ་བལྟའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པའི་ཆོས་ཀྱི་ཆར་ཚད་མེད་པ་འབེབས་པ་དང་འཐུན་པའི་ཕྱིར་སྤྲིན་ཆེན་པོ་ལྟ་བུར་བལྟའོ།




iiif viewer powered by OpenSeadragon

149a - 150a

Texts on this page

F184 - 'phags pa theg pa chen po la dad pa rab tu sgom pa zhes bya ba theg pa chen po'i mdo