| e-texts navigator |
| Wylie |
149a1 མཆོག་ཏུ་དཀའ་བས། ལས་དང་སེམས་ཚིམ་པར་བྱེད་པའི་ཕྱིར་ཟླ་བ་ལྟ་བུར་བལྟའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད
149a2 བ་ནི་རྣམ་པ་ཐམས་ཅད་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པའི་ཕྱིར་ན་མཁའ་ལྟ་བུར་བལྟའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་བསོད་ནམས
149a3 དང་ཡེ་ཤེས་ཚད་མེད་པ་ཉེ་བའི་ཉོན་མོངས་པ་ཡོངས་སུ་བཟུང་བའི་ཕྱིར་རིན་པོ་ཆེ་སྣ་ཚོགས་ཀྱི་གང་བའི་གྲུ་ལྟ་བུར་བལྟའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ
149a4 དད་པ་ནི་སེམས་ཅན་ཐམས་ཅད་ཀྱི་བདེ་བའི་གནས་ཡིན་པས་རྩི་ཆེན་པོ་ལྟ་བུར་བལྟའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་ངན་སོང་ངན་འགྲོ་ཐམས
149a5 ཅད་ལས་མདའ་བར་བྱེད་པའི་ཕྱིར་ཟབ་པ་ལྟ་བུར་བལྟའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སེམས་ཅན
149a6 ཐམས་ཅད་ཀྱི་དགེ་བའི་རྩ་བའི་ལོ་ཏོག་སྐྱེ་བའི་རྩ་བྱེད་པའི་ཕྱིར་ས་བོན་ལྟ་བུར་བལྟའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་ཉོན་མོངས་པའི་དགྲའི
149a7 འཚོན་ཆས་ཐམས་ཅད་ཀྱི་གནོད་པར་མི་འགྱུར་བར་བསྲུང་བའི་ཕྱིར་གོ་ཆ་ལྟ་བུར་བལྟའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་དེ་ལས་འཇིག་རྟེན
149a8 ལས་འདས་པའི་དགེ་བའི་རྩ་བ་རིན་པོ་ཆེ་ཕུན་སུམ་ཚོགས་པ་ཐམས་ཅད་སོགས་ཤིང་སྡུད་དེ་རྣམ་པར་གནས་པར་བྱེད་པའི་ཕྱིར་གཏེར་ཆེན་པོ་ལྟ་བུར་བལྟའོ།། བྱང་ཆུབ་སེམས