| e-texts navigator |
| Wylie |
148b1 དད་པ་ནི་སེམས་ཅན་དཔག་ཏུ་མེད་པ་དང་ལྡན་པ་དང་། འབྲལ་བ་དང་ཀུན་ནས་ཉོན་མོངས་པའི་བསམ་པ་བསྒྲུབ་པ་དང་འཐུན་པའི་ཕྱིར་སྙིང་བརྩེ་བས་ནོན་པའོ།། རིགས་ཀྱི་བུ་བྱང་ཆུབ
148b2 སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི། བྱང་ཆུབ་སེམས་དཔའི་འཁྲུལ་བའི་ཉེ་བྱས་ཀུན་ཏུ་སྤྱོད་པ་ཐམས་ཅད་ལ་འཛེམ་པ་ཉེ་བར་གནས་པ་དང་འཐུན་པའི་ཕྱིར་ཤིན
148b3 ཏུ་སྤང་བའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ལོག་པར་ཞུགས་པ་དང་། འཁོར་བའི་སྡུག་བསྔལ་དང་། དཀ་བ་སྤྱོད་པ
148b4 ཐམས་ཅད་ལ་བསྐྱེད་ལུག་པ་མེད་པ་དང་། འཐུན་པའི་ཕྱིར་བརྟན་པའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་ཉིན་མཚན་དུ་དགེ་བའི་ཕྱོག་སོ་ཆེན
148b5 པོ་ལ་མངོན་པར་བརྩོན་པར་བྱས་པས་ཡོངས་སུ་མི་སྐྱོ་བ་དང་འཐུན་པའི་ཕྱིར་སྤོར་བ་ལེགས་པར་གོམས་པར་བྱའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ
148b6 ནི་རིགས་པའི་གནས་ལྔ་བྱང་བ་དང་འཐུན་པའི་ཕྱིར་ལེགས་པར་བྱེད་པའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་དུས་ཐམས་ཅད་དུ་བཞིན་འཇུམ
148b7 ཞིང་གསོང་པོར་སྨྲ་བ་དང་འཐུན་པའི་ཕྱིར་འཐུན་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་གནོད་པ་དང་མ་དད་པ་དང་། སྡང་བ་དང་། ཐེ་ཙོམ་དང་།
148b8 རྙོག་པའི་དྲི་མ་དང་བྲལ་བའི་ཕྱིར་རིན་པོ་ཆེ་ལྟ་བུར་བལྟའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དང་པ་ནི་རྒྱ་ཆེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། དགའ་བ་དང་།