| e-texts navigator |
| Wylie |
148a1 ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྐང་བ་དང་འཐུན་པའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི
148a2 སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པའི་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་དང་། འཐུན་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྐང་བ་དང་འཐུན་པའོ།།
148a3 རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོ་ལ་དད་པ་ནི་འཇིག་རྟེན་ལེས་འདས་པའི་བླ་མའི་ཡེ་ཤེས་བླ་ན་མེད་པ་ལ་གནས་ནས་སངས་རྒྱས་ཀྱི་ཆོས་བསྒྲུབ་པ་དང་།
148a4 མཐུན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྐང་བ་དང་འཐུན་པའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་གྱི་ཚོགས
148a5 མཐའ་ཡས་པ་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བ་ཡང་དག་པར་བསྟན་པ་དང་འཐུན་པའི་ཕྱིར་ཚོགས་ཡོངས་སུ་སྡུད་པ་དང་འཐུན་པའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས
148a6 ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི། བསོད་ནམས་ཚད་མེད་པ་སྐྱེད་ཅིང་སངས་རྒྱས་ཀྱི་ཞིང་རྨད་དུ་བྱུང་བའི་བསོད་ནམས་ཡོངས་སུ་བཟུང་བ་དང་འཐུན་པའི་ཕྱིར་དེ་བཞིན་གཤེགས་པ
148a7 ལ་མཆོད་པ་དང་། རིམ་གྲོ་བྱེད་པ་ཆེན་པོ་དང་འཐུན་པའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ
148a8 དང་དགེ་བའི་བཤེས་གཉེན་ཡོངས་སུ་བཟུང་བ་དང་འཐུན་པའི་ཕྱིར་ཤིན་ཏུ་ཡོངས་སུ་བཟུང་བ་དང་འཐུན་པའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ