e-texts navigator
Collection
Volume
Page
Wylie

147b1 འཐུན་པའི་ཕྱིར་ནུས་པའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ནན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད
147b2 དང་འཐུན་པའི་ཕྱིར་བསྒྲུབ་པར་བྱེད་པའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་བདག་དང་གཞན་རྣལ་འབྱོར་ཆེན་པོ་འཐོབ་པ་དང་། ལུས
147b3 དང་ངག་དང་ཡིད་ཀྱི་ལས་འདུལ་བ་དང་འཐུན་པའི་ཕྱིར་རྗེས་སུ་འཛིན་པའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི། སེམས་ཅན་ཐམས་ཅད
147b4 ཀྱི་བསམ་པ་ཡོངས་སུ་སྐོང་བ་དང་འཐུན་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྐང་བ་དང་འཐུན་པའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན
147b5 པོ་ལ་དད་པ་ནི་སེམས་ཅན་ཕན་ཚུན་ལུས་དང་ངག་གི་གནོད་པ་ཡང་དག་པར་འཛིན་དུ་ཞུགས་པ་དང་། འཐུན་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྐད
147b6 བ་དང་འཐུན་པའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ལོག་པར་བྱ་དང་། འཁོར་བའི་སྡུག་བསྔལ་དང་།
147b7 དཀའ་བ་སྤྱོད་པ་ཐམས་ཅད་དང་དུ་བླང་བ་དང་འཐུན་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྐང་བ་དང་འཐུན་པའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔ
147b8 རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་བསྐལ་པ་མཐའ་ཡས་པར་ཆོས་དཀར་པོ་རྣམ་པར་སྤེལ་བར་བཅོལ་བ་ལ་ཡོངས་མི་སྐྱོ་བ་དང་འཐུན་པའི་ཕྱིར་བརྩོན་འབྲས




iiif viewer powered by OpenSeadragon

147a - 148a

Texts on this page

F184 - 'phags pa theg pa chen po la dad pa rab tu sgom pa zhes bya ba theg pa chen po'i mdo