| e-texts navigator |
| Wylie |
147a1 དང་བསྐལ་བ་མཉམ་པ་དང་། བསྐལ་པ་མི་མཉམ་པར་སེམས་བསྐྱེད་པ་དག་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྲུང་བའི་ཕྱིར་ཀུན་སྲུང་བའོ།།
147a2 རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་བདག་གི་དོན་དང་གཞན་གྱི་དོན་ཕུན་སུ་མོ་ཚོགས་པ་དང་། འཐུན་པའི་དོན་ཆེ་བའོ།། རིགས་ཀྱི་བུ་བྱང
147a3 ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་ཆོས་ཀྱི་དབྱིངས་ཟབ་མོ་བསྟན་པའི་རྣམ་པ་ཐམས་ཅིད་ལ་མོས་པ་དད་པ་འཐུན་པའི་ཕྱིར་ཟབ་པའོ།། རིགས་ཀྱི་བུ
147a4 བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་བྱང་ཆུབ་སེམས་དཔའི་མངོན་པར་བསྒྲུབ་པ་ཆེན་པོ་མངོན་པར་བསྒྲུབ་པ་དང་འཐུན་པའི་ཕྱིར་མཐུ་ཆེ་བའོ།། རིགས
147a5 ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ཚད་མེད་པ་ཡོངས་སུ་སྨིན་པར་བྱེད་པ་དང་། འཐུན་པའི་ཕྱིར་གཟི་བརྗིད་ཆེ་བའོ།། རིགས་ཀྱི་བུ
147a6 བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒྲུབ་པ་དང་འཐུན་པའི་ཕྱིར
147a7 རིང་དུ་འགྲོའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོ་ལ་དད་པ་ནི་བདུད་ཀྱི་ལས་དང་། མུ་སྟེགས་ཅན་ཐམས་ཅད་ཀྱིས་ཐེག་པ་ཆེན་པོ་ལ་མོས་པ
147a8 བསྒྲུབ་པའི་ཕྱིར་གཡོ་བའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་མང་དུ་ཐོས་པ་ལ་རྟེན་ནས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་པ་དང་།