| e-texts navigator |
| Wylie |
70b1 འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ།། རིགས་ཀྱི་བུ་འདི་སྐད་ཅེ་སྨྲས་པ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། སྦྱིན་པ་ཉུང་ངུ་ཡང་མང་པོར
70b2 བྱེད། སྦྱིན་པ་མང་པོ་ཡང་དཔག་མེད་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།། ཡེ་ཤེས་ལ་བཀའ་སྩལ་པ། རིགས་ཀྱི་བུ
70b3 གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། ལྟུང་བའི་ལྕི་བ་ཡང་ཐབས་མཁས་པ་སྲང་མོར་བྱེད་ཅེ་ནཱ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཐབས
70b4 མཁས་པ་ནི། ནམ་ཞིག་བརྒྱ་ལ། ལ་ལ་ཞིག་ཏུ་སྡིག་པའི་གྲོགས་པོའི་དབང་གི་ལྟུང་བ་བྱུང་ན། དེ་འདི་ལྟར་སློབ་སྟེ། གལ་ཏེ་བདག་གིས་ཕུང་པོ་འདི་དག་གིས་མྱ་ངན
70b5 ལས་འདའ་བར་བྱ་བ་ནི། དེ་ལྟར་བདག་གིས་སེམས་ཡོངས་སུ་གདུང་བ་དང་། ལྡན་པར་ཡང་འགྱུར་ན། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཕྱི་མའི
70b6 མཐར་ཐུགས་པར་འཁོར་བ་ན་གནས་པའི་གོ་ཆ་དེ་ལྟ་བུ་བགོས་པས། བདག་གིས་སེམས་ལ་གདུང་བར་ནི་མི་བྱའི། བྱང་ཆུབ་ཇི་ལྟ་ཇི་ལྟར་འཁོར་བར་འགྱུར་པ། དེ་ལྟ་དེ
70b7 ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱའོ།། ལྟུང་བ་འདི་ཡང་ཆོས་བཞིན་དུ་བྱའོ།། ལྟུང་བ་གཞན་ཡང་མ་བྱུང་བར་བྱའོ།། སྙམ་དུ་སེམས་སོ།། རིགས་ཀྱི་བུ་ཡོངསུ
70b8 རྟག་པར་བཟུང་ན། གལ་ཏེ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ལྟུང་བའི་རྩ་བ་བཞི་པོ་ཐམས་ཅད་འདས་པར་གྱུར་ཀྱང་། ཐབས་མཁས་པ་འདིས་སྦེང་བར་བྱེད་ན།