| e-texts navigator |
| Wylie |
69b1 ནམས་བྱ་བའི་དངོས་པོ་མངོན་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ལྷན་ཅིག་ཏུ་གནས
69b2 ཀྱང་། དེ་དག་ལ་འདོད་པར་མི་བྱེད་དོ།། གལ་ཏེ་ཡང་ཉན་ཐོས་དང་། རང་སངས་རྒྱས་དག་ལ་བསྐུར་སྟི་བྱས་པ་མཐོང་ན། དེ་རྒྱུ་གཉིས་ཀྱིས་བདག་ཁོང་དུ་ཆུད་པར་བྱེད་དེ།།
69b3 དེ་རྒྱུ་གཉིས་གང་ཞེ་ན། བྱང་ཆུབ་སེམས་དཔའ་ལས་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་ངོ་།། སངས་རྒྱས་ལས་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས
69b4 འབྱུང་བས་དེ་དག་ལ་བསྐོར་བསྟི་བྱས་ནས། བདག་ཉིད་ལ་ཐོག་མ་ཁོ་ནར་བསྐུར་སྟི་བྱས་པ་ཡིན་གྱི། དེ་དག་ལ་ནི་མ་ཡིན་པ་དང་། དེ་དག་ནི་བདག་གི་ཕའི་ནོར་ལ་སྤྱོང་མོང
69b5 ཀྱི། དེ་ལ་བདག་གིས་འདོད་པར་མི་བྱ། ཕྲ་དོག་དུ་མི་བྱ་སྙམ་དུ་སེམས་དཔའོ།། རིགས་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། སྦྱིན་པ་སྨིན་པ་ན།
69b6 ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའོ།། ཇི་ལྟར་ནི་ཡོངས་སུ་རྫོགས་པར་བྱེད་ན། འདི་ལ་བྱང་ཆུབ་སེམས་དཔའ་གང་གི་ཚེ། སློང་བ་མཐོང་ན། དེ་སེར
69b7 སྣའི་སེམས་ཚར་གཅོད་པར་བྱེད། གཏོང་བ་ཆེན་པོ་འཕེར་བར་བྱེད་དེ། དེ་ནི་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་ཚུལ་ཁྲིམ་ཡང་དག་པར་བླངས་ནས། ཚུལ་ཁྲིམས་དང
69b8 ལྡན་པ་སྦྱིན་པར་བྱེད་པ་དང་། གང་དང་ཚུལ་ངན་པ་ཅན་དེ་ཚུལ་ཁྲིམས་ལ་འཇིག་པར་བྱེད་ཅིང་། སྦྱིན་པ་ཡང་སྦྱིན་པར་བྱེད་པ། དེ་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ