| e-texts navigator |
| Wylie |
68b1 ནས་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བར་བྱེད་དོ།། གང་ཡང་ཕྱོགས་བཅུ་ན་སེམས་ཅན་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་ཐམས་ཅད་ནི་འཆགས་སུ་འཇུག་སྟེ། གང་སེམས། དེ་དག
68b2 གི་སྡུག་བསྔལ་ནི་དག་ལ། ཤོག་ཤིག། དེ་དག་ནི་བདེ་བར་གྱུར་ཅིག་ཅེས་དེ་ལྟ་བུའི་གོ་ཆ་གྱོན་ཞིང་དགེ་བའི་རྩ་བ་དེ་ཡང་བྱང་ཆུབ་ཏུ་མདོ་བར་བྱེད་དོ།། རིགས་ཀྱི་བུ་གཞན
68b3 ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། དེ་བཞིན་གཤེགས་པཅིག་ལ་ཕྱག་འཚལ་ན།། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བར་དེ་ལྟར་འཛིན་ཏོ།།
68b4 དེ་འདི་ལྟར་སློབ་བོ།། སངས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་གཅིག་གོ།། ཚུལ་ཁྲིམས་ཅག་གོ་ཏིང་ངེ་འཛིན་གཅིག་གོ།། ཤེས་རབ་གཅིག་གོ།། རྣམ་པར་གྲོལ་བའི་ཡེ་ཤེས
68b5 མཐོང་བ་ཅིག་གོ།། ཞེས་དེ་ལྟར་དེ་བཞིན་གཤེགས་པ་ཅིག་ལ་ཕྱག་འཚལ་ན། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བར་འཛིན་ཏོ།། དེས་ཐབས་མཁས་པ་དེས
68b6 སངས་རྒྱས་ཅིག་ལ་བཀུར་བསྟི་བྱས་ན། སངས་རྒྱས་ཐམས་ཅད་བསྐུར་སྟི་བྱེད་དེ། ཕྱོགས་བཅུའི་སངས་རྒྱས་དེ་དག་ལ་མཆོད་པར་འགྱུར་བ་ཇི་སྙེད་ཡོད་པ། དེ་དག་ཐམས
68b7 ཅད་ཀྱང་ཡོངས་སུ་ལེན་ནོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི་ནམ་ཞིག་ཤེས་རབ་རྨོངས་པ་ཅན་དུ་རིང་ན་ཡང་། དེ་ནི་དག་ལ་མི་བསོད
68b8 ཀྱི་བཟེངས་བསྟོད་པར་བྱེད་དོ།། ཆུང་ངུ་ན་རྩ་བ་བཞི་པའི་ཚིགས་སུ་བཅད་པ་ཅིག་ཁ་ཏོན་དུ་འདོན་ཡང་། རྩ་བ་བཞི་པའི་ཚིགས་སུ་བཅད་པ་གཅིག་གིས། དོན་ཡིན་པ