| e-texts navigator |
| Wylie |
68a1 སེམས་དཔའ་ཆེན་པོ་ཐབས་ཁས་པ་ནི་བྱོལ་སོང་དུ་གཏོགས་པ་ལ་ཟས་ཁམ་ཅིག་སྦྱིན་པར་བྱེད་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ལྡན་པ
68a2 ཡིན་ཏེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ལ་བསྔོའོ།། དེའི་རྒྱུ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་དོ།། གཉིས་པོ་གང་ཞེ་ན། ཐམས་ཅད
68a3 མཁྱེན་པ་ཉིད་ཀྱི་སེམས་དང་། བསྔོ་བའོ།། རིགས་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ནི་ཕ་རོལ་དགེ་བའི་རྩ་བ་ལ་ཡིད་རངས་པར
68a4 བྱེད་དོ།། ཡིད་རང་བར་བྱས་ནས་སེམས་ཅན་ཐམས་ཅད་ལ་སྔོ་སྟེ། ཐམས་ཅད་མཁྱེན་པའི་སེམས་དེས་སྦྱིན་པར་བྱེད་པ་དང་། སྦྱིན་པའི་བདག་པོ་དེ་དག་ཟིལ་གྱིས་གནོན
68a5 ཏོ།། གང་ལེན་པར་བྱེད་པ་དེ་དག་ཀྱང་ཟིལ་གྱིས་གནོན་ཏོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། ཕྱོགས་བཅུ་ནས་ཤིང་ལས་བྱུང་བའི
68a6 མེ་ཏོག་གང་ཇི་སྙེད་ཡོད་པ་ཕྲ་མོ་ཡོངས་སུ་མ་བླངས་པ་རྣམས་དང་། ཕྱོགས་བཅུ་ན་གང་སྤོས་ཀྱི་ཤིང་ཡོད་པ། རླུང་གི་ཁྱེར་བ་ཡོངས་སུ་མ་བླངས་པ། བདག་པོ་མེད།
68a7 དེ་དག་ཀྱང་སངས་རྒྱས་ཐམས་ཅད་ལ་འབུལ་ཞིང་། དགེ་བའི་རྩ་བ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེཾས
68a8 ཐབས་མཁས་པ་ནི། ཕྱོགས་བཅུ་ན་སེམས་ཅན་གང་ཇི་སྙེད་བདེ་བའི་ཚོར་བ་མྱོངས་པ་དེ་ཐམས་ཅད་ལ་བསམས་ཏེ། རྗེས་སུ་ཡིད་རང་བར་བྱེད་དོ།། རྗེ་སུ་ཡིད་རང