e-texts navigator
Collection
Volume
Page
Wylie

58a1 རྣམས་མི་འབྱུང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་སྤྱད་པའི་སྤྱོད་པའི་འཇིག་རྟེན་གྱི་ཁམས་ཇི་སྙེད
58a2 མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་ངས་བསྟན་པ་གང་དག་ཏུ། སངས་རྒྱས་བཅོམ་ལྡན་འདས་རྣམ
58a3 འབྱུང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྤྱད་པའི་སྤྱོད་པ་གང་ཡིན་པ་དེ་དག་ནི། ཀུན་དགའ་བོ་དཔེར་ན། རྒྱ་མཚོ་ཆེན
58a4 པོའི་བྱེ་མ་དང་། གང་གིའི་ཀླུང་གི་བྱེ་མའི་ནང་ན་གསེར་གྱི་བྱེ་མ་དཀོན་པ་དང་འདྲ་སྟེ། ཀུན་དགའ་བོ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་གང་དག་ཏུ། སངས་རྒྱས
58a5 བཅོམ་ལྡན་འདས་རྣམས་འབྱུང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་འཇིག་རྟེན་གྱི་ཁམས་དེ་དག་ནི་དཀོན་ཏེ།
58a6 ཀུན་དགའ་བོ་ཇི་ལྟར་བརྒྱ་མཚོ་ཆེན་པོའི་བྱེ་མ་དང་། གང་གཱའི་ཀླུང་གི་བྱེ་མ་དེ་དག་ལས་ལ་ལ་ཞིག་གིས་བྱེ་མོ་འབྲུ་ཅིག་བླང་བ་དེ་བཞིན་དུ། གང་དུ་སངས
58a7 རྒྱས་ངནམ་ལྡན་འདས་རྣམས་འབྱུང་བ་དང་། བྱང་ཆུབ་སེམ་ས་དཔའ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་སྦྲིད་པའི་འཇིག་རྟེན་གྱི་ཁམས་དེ་དག་ནི་ཏུངས
58a8 མེ་། དཔ་ཡང་། ས་ཐང་མཽ་ག་ག




iiif viewer powered by OpenSeadragon

57b - 58b

Texts on this page

F167 - 'phags pa gser gyi bye ma lta bu zhes bya ba theg pa chen po'i mdo