e-texts navigator
Collection
Volume
Page
Wylie

57b1 རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁཾས་དག་ན། བྱང་ཆུབ་སེམས་དཔའ་རྣམས་བླ
57b2 ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན།།
57b3 སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་དག་ངས་མཐོང་ངོ་། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། སངས་རྒྱས་བཅོམ
57b4 ལྡན་འདས་རྣམས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་དག་ངས་མཐོང་སྟེ། དེ་དག་ཐམས་ཅད་ཀྱང་མཚན་མཐུན་པ་དང་། གདུང་མཐུན་པ་ཤ་སྟག་ཡིན།
57b5 འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། མངོན་པར་བྱང་བ་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་བྱང་ཆུབ་ཀྱི
57b6 སྙིང་པོ་ལ་བསྐོར་བ་བྱེད་པ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དང་། བྱང་ཆུབ་ཀྱི་ཤིང་དྲང་ན་འདུག་པ་དང་། མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི
57b7 འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་འདས་པ་ཆེན་པོ་སྟོན་པ། མཚན་ཐ་དད་པ་དང་། གདུང་ཐ་དད་པ་དག་ལྟ་ཅི་སྨོས། དེ་དག་བཅོམ་ལྡན་འདས་ལ
57b8 ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་གང་དག་ཏུ། སངས་རྒྱས་བཅོམ་ལྡན་འདས
57b9 བྱང་ཆུབ་ཀྱི་སྙིང་པོ་ལ་ལྟ་བ་དང




iiif viewer powered by OpenSeadragon

57a - 58a

Texts on this page

F167 - 'phags pa gser gyi bye ma lta bu zhes bya ba theg pa chen po'i mdo