| e-texts navigator |
| Wylie |
57a1 བྱང་ཆུབ་སེམས་དཔའ་རྣམས་བྱིས་པའི་རྩེ་མོ་སྟོན་པ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན།
57a2 བྱང་ཆུབ་སེམས་དཔའ་རྣམས་རྒྱལ་སྲིད་སྤངས་ནས། རབ་ཏུ་བྱུང་བ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས
57a3 དཔའ་རྣམས་དཀའ་བ་སྤྱོད་པའི་སྤྱོད་པ་བསྟོན་པ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང
57a4 བོར་འགྲོ་བར་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་སྙིང་པོ་ལ་ལྟ་བ་དག་ངས་མཐོང་།
57a5 དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་བྱང་བ་ཀྱི་སྙིང་པོ་ལ་གཅེས་པར་བྱེད་པའི་མཆོག་དང་། གུས་པ་ཆེན་པོས
57a6 ལན་གསུམ་བསྐོར་བ་བྱེད་པ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་སྙིང
57a7 པོ་ལ་འདུག་པ་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པ་དག་ངས
57a8 མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས། བླ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན