e-texts navigator
Collection
Volume
Page
Wylie

56b1 ཐམས་ཅད་རཾ་བས་བསྐོར་བས་བསྐོར་ནས་རྡོ་དང་། གསེག་མ་དང་། གྱོ་མོ་དང་། གྱོ་དུམ་མེད་པར་བྱས་ཏེ། མཐོན་དམན་མེད་པར་བྱས་ནས་གྲོང་ཁྱེར་གཅིག་ཏུ་བྱས་ལ། གྲོང
56b2 ཁྱེར་གཅིག་ཏུ་བྱས་ནས་ཀྱང་ཡུངས་འབྲུས་བཀང་སྟེ། བྱུར་བུར་བྱས་ནས། ཀུན་དགའ་བོ་གྲོང་ཁྱེར་དེའི་ནང་གི་ཡུངས་འབྲུ་ཇི་སྙེད་ཡོད་པ་དེ་དག་པས་ཀྱང་ཆེས་མང་བའི
56b3 འཇིག་རྟེན་གྱི་ཁམས་དག་ན། སེམས་ཅན་བྱང་ཆུབ་ལ་ཞུགས་པ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ
56b4 རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་དགའ་ལྡན
56b5 གྱི་ལྷའི་རིས་དག་ཏུ་སྐྱེ་བ་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་དགའ་ལྡན་གྱི་ལྷའི་རིས་དག་ན་འཁོད་པ
56b6 མ་དག་ངས་མཐོང་ངོ་། དེ་བས་ཀྱང་ཆེས་མང་བུའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་དགའ་ལྡན་གྱི་ལྷའི་རིས་དག་ནས་ཤི་ཕོ་བདག་ངས་མཐོང་དུ
56b7 དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་མའི་མངལ་དུ་འཇུག་པ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག
56b8 རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་མིའི་མངལ་ནས་འབྱུང་བ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག




iiif viewer powered by OpenSeadragon

56a - 57a

Texts on this page

F167 - 'phags pa gser gyi bye ma lta bu zhes bya ba theg pa chen po'i mdo