e-texts navigator
Collection
Volume
Page
Wylie

56a1 གསེར་གྱིའགལ་གྱི་བུ་ཆེན་པོས་སྟན་རྣམ་པ་བརྒྱད་སྟོན་ཅིང་། དོན་ཀྱང་གོ་བར་བྱེད་དོ།། ཀུན་དགའ་བོ་མོའུ་འགལ་གྱི་བུ་ཆེན་པོ་ཚིག་གཅིག་སྨྲ་བའི་ཡུན
56a2 ཇི་ཙམ་པ་དེའི་བར་སྐབས་སུ། གནས་བརྟན་ཤ་ར་དྭ་ཏའི་བུ་ཆོས་བསྟན་པ་རྣམ་པ་བརྒྱད་སྟོན་ཅིང་དོན་ཀྱང་གོ་བར་བྱེད་དོ།། གནས་གརྟེན་ཤ་ར་དྭ་ཏའི་བུ་ཚིག་གཅིག་སྨྲ
56a3 བའི་ཡུན་ཇི་ཙམ་པ་དེའི་བར་སྐབས་སུ་རང་སངས་རྒྱས་བསྟན་པ་རྣམ་གྲངས་མེད་པ་སྟོན་ཏོ།། རང་སངས་རྒྱས་ཚིག་གཅིག་སྨྲ་བའི་ཡུན་ཇི་ཙམ་པ་དེའི་བར་སྐབས་སུ
56a4 བྱང་ཆུབ་སེམས་དཔའ་ཆོས་བསྟན་པ་རྣམ་པ་གྲངས་མེད་བསམ་གྱིས་མི་ཁྱབ། བརྗོད་པ་མེད་ཅིང་དོན་ཀྱང་གོ་བར་བྱེད་དོ།། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཚིག
56a5 གཅིག་སྨྲ་བའི་ཡུན་ཇི་ཙམ་པ་དེའི་བར་སྐབས་སུ། ཀུན་དགའ་བོ་གནས་བཏན་མེའུ་འགལ་གྱི་བུ་ཆེན་པོའི་འཇིག་རྟེན་གྱི་ཁམས་བརྒྱད་ཁྲི་འངའོ།། ཀུན་དགེ་བློའི་རྫ
56a6 འཕྲུལ་གྱི་སྟོབས་བསྐྱེད་པ། དེ་ལྟ་བུའི་འགྲོས་ཀྱི་ཉིན་མཚན་བདུན་གྱི་བར་དུ་ངལ་མི་གསོ་བར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་ཇི་སྙེད་དུ་འགྲོ་བ་དང་། དེ་བཞིན་དུ་ལྷོ་ཕྱོགས
56a7 དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། དེ་བཞིན་དུ་ཤར་ལྷོནས་མཚམས་དང་། ལྷོ་ནུབ་ཀྱི་མཚམས་དང་། ནུབ་བྱང་གི་མཚམས་དང་། བྱང་ཤར་གྱི་མཚམས་དང་།
56a8 དེ་བཞིན་དུ་སྟེང་དང་། འོག་གི་ཕྱོགས་སུ་ཉིན་མཚན་བདུན་གྱི་བར་དུ་ངལ་མིགསོ་པར་སོང་ལ། དེ་ནས་མི་ལ་ལོ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དེ་དག




iiif viewer powered by OpenSeadragon

55b - 56b

Texts on this page

F167 - 'phags pa gser gyi bye ma lta bu zhes bya ba theg pa chen po'i mdo