e-texts navigator
Collection
Volume
Page
Wylie

55b1 འཕྲུལ་ཇི་ལྟ་བུས་ཕྱོག་འཚམས་དག་ཏུ་འགྲོ་བ་ཤེས་སམ། ཀུན་དགའ་བོས་གསོལ་པ། མའུ་འགལ་གྱི་བུ་ཆེན་པོརྫུ་འཕྲུལ་ཇི་ལྟ་བུས་ཕྱོགས་དང་ཕྱོགས་མཚམས་དག་ཏུ
55b2 བ། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ།། བདེ་བར་གཤེགས་པས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ལ་དོན་འདི་དཔེས་བསྟན
55b3 པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགེའ་བོ་སྐྱེས་བུ་མཁས་པ་གང་དག་དཔེས་དོན་རྟོགས་པར་འགྱུར་བ་ཡོད་པའི་ཕྱིར་རོ།། ཀུན་དགའ་བོ་དཔེར་ན། རྫིང་དཔག་ཚད་བརྒྱད
55b4 སྟོང་པ་ཆུས་གང་བ། བྱ་ཁྲས་བཏུང་དུ་རུང་བར་མུ་དང་ཁ་ད་ཆད་དུ་འདུག་པ། པཱདྨའི་ལོ་མས་ཁེབས་པ་ཞིག་ཡོད་ལ། དེ་དག་མི་ལ་ལ་ཞིག་གིས། རླུང་གི་ཤུགས་ལས་འདས
55b5 པའི་ལྕགས་ཀྱི་ཤིང་རྟ་ལ་ཞོན་ཏེ། དེ་ཡང་མུ་ཁྱུད་ཀྱིས་ཤིང་ཡང་ནུ་ལ་མི་རེག། རྟ་རྣམས་ཀྱི་མིག་པ་ཡང་ཆུ་ལ་མི་རེག། པཱདྨའི་ལོ་མ་རྣམས་ཀྱང་རྟའི་རྨིག་པ་དག་གིས་མི
55b6 བརྟོལ་བ་ཙམ་གྱི་སྟོབས་དང་ཤུགས་དང་། མགྱོགས་པ་དེ་ལྟ་བུས་རྒྱུག་ལ། ཀུན་དགའ་བོ་དེ་ནས་རྫིང་དེའི་ནང་ནས་སྦྲུལ་གདུག་པ་ཞིག་བྱུང་བས། ཤིང་རྟ་དེ་མཚོའི་ནང
55b7 ནས་ཕྱིར་མ་ལོག་པ་དེའི་བར་སྐབས་སུ། ཤིང་རྟ་དེ་ལན་བརྒྱད་བསྐོར་ན། ཀུན་དགའ་བོ་སྦྲུལ་གདུག་པས། ཤིང་རྟ་ལན་ཅིག་བསྐོར་བའི་ཡུན། ཇི་ཙམ་པ་དེའི་བར་སྐབ
55b8 སུ་ཀུན་དགའ་བོ་ཁྱོད་ཆོས་བསྟན་པ་རྣམ་པ་བརྒྱད་སྟོན་ཅིང་། དོན་ཀྱང་གོ་བར་བྱེད་དོ། ཀུན་དགའ་བོ་ཁྱོད་ཚིག་ཅིག་སྨྲ་བའི་ཡུན་ཇི་ཙམ་པ་དེའི་བར་སྐབསུ། མེའུ




iiif viewer powered by OpenSeadragon

55a - 56a

Texts on this page

F167 - 'phags pa gser gyi bye ma lta bu zhes bya ba theg pa chen po'i mdo