| e-texts navigator |
| Wylie |
55a1 པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མ་མཆིས་པ་ལགས་སམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
55a2 པར་རྫོགས་པའི་སངས་རྒྱས་རྣམས་ཡོན་ཏན་དཔག་ཏུ་མ་མཆིས་པ་དང་ལྡན་པ་ལགས་སམ། བཅོམ་ལྡན་འདས་ཀྱི་ཀྱང་ལན་གཉིས་ལན་གསུམ་དུ་ཚེ་དང་ལྡན་པ་ཀུན་དགའ
55a3 བོ་ལ་འདི་སྐད་ཅེས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་དོ།། ཀུན་དག
55a4 བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ནོ།། ཀུན་དགའ་བོ་ཁྱོད་དེ་བཞིན་གཤེགས་པ
55a5 རྣམས་ཀྱི་དཔག་ཏུ་མེད་པ་མཉམ་པ་འམ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡུལ་ཤེས་པ་འམ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ཤེས་པར་འདོད་དམ། དེ
55a6 སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། དགེ་སློང་རྣམས་ལ་བཅོམ་ལྡན་འདས་ཀྱིས་བསྟན
55a7 དུ་གསོལ།། བདེ་བར་གཤེགས་པས་བསྟན་དུ་གསོལ། དགེ་སློང་རྣམས་ཀྱིས་མངོན་སུམ་དུ་ཐོས་ནས། ཡང་དག་པར་འཛིན་པར་འགྱུར་ལགས་སོ།། དེ་སྐད་ཅེ
55a8 གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ཁྱོད་ཀྱིས་མིའུ་འགལ་གྱི་བུ་ཆེན་པོ་རྗེ