e-texts navigator
Collection
Volume
Page
Wylie

54b1 མེད་ཟས་བིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དང་ཐབས་གཅིག་ཏུ
54b2 བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གསར་ནས། པུས་མོ་གཡས་པའི་ལྷ་ད་ས་ལ་བཙུགས་ཏེ།
54b3 བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་དེ་བཞིན་གཤེགས
54b4 པ་དགྲ་བཅོམ་པ་ཡང་དག་པའི་རྫོགས་པའི་སངས་རྒྱས་རྣམས་དཔག་ཏུ་མེ་མཆིས་པ་ལགས་སམ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ
54b5 ཡང་དག་པར་ས་རྫོགས་པའི་སངས་རྒྱས་རྣམས་ཡོན་ཏན་དཔག་ཏུ་མ་མཆིས་པ་ལགས་སཾ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན
54b6 པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི།
54b7 དཔག་ཏུ་མེད་པའོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ནོ།།
54b8 ལྡན་པ་ཀུན་དགའ་བོས་ལན་གཉིས་སུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག




iiif viewer powered by OpenSeadragon

54a - 55a

Texts on this page

F167 - 'phags pa gser gyi bye ma lta bu zhes bya ba theg pa chen po'i mdo