| e-texts navigator |
| Wylie |
54a1 རྡོའཕངས། ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ།། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཏུ་གྱུར་ཏོ།། ཁ་ཅིག་གིས་ནི
54a2 9། རང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཏུ་གྱུར་ཏོ།། ཁ་ཅིག་གིས་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུདུ་སེམས་བསྐྱེད་པ་དག་ཏུ་གྱུར་ཏོ།། སངས་རྒྱས་བཅོམ་ལྡན་འདས་རྣས
54a3 ནི་འབྲས་བུ་ཡོད་པའི་ཆོས་ཀྱི་འབྲས་བུ་སྟོན་པ་དག་ཡིན་ཏེ། འཁོར་དེ་ལས་གང་ཕལ་ཆེར་ནི། སངས་རྒྱས་ལ་བཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་དགའ་བར
54a4 གནས་སོ།། འདི་ནི་བཅོམ་ལྡན་འདས་ཀྱིས་འདུལ་བ་རྣམས་འདུས་པ་ཆེན་པོ་ཐ་མར་བྱུང་བ་ཡིན་ནོ།། དེ་ནས་ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ཡིད་བྱུང་བ་ཆོག་གིས
54a5 ཡིད་བྱུང་བར་གྱུར་ཅིང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས
54a6 ཀྱི་ཐད་ནས་དོང་བར་གྱུར་ཏོ།། འཕགས་པ་རྡོ་འཕངས་པའི་མདོ་རྫོགས་སྷོ།། ། རྒྱ་གར་སྐད་དུ།
54a7 ཨརྱ་སུ་བརྣ་བཱ་ལུ་ཀོ་པ་མ་ནཱ་མ་མ་ཧཱ་ཡན་སུ་ཏྲ། བོད་སྐད་དུ། འཕགས་པ་གསེར་གྱི་བྱེ་མ་ཞེས་བྱ་བ་ཐེག་པ་ཐེག་ཆེན་པོའི་མདོ།། སངས་རྒྱས་དང་བྱང
54a8 ཆུབོ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདིས་དེ་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན