e-texts navigator
Collection
Volume
Page
Wylie

410b1 ཁྲེ་ནས་རྣམ་ལྔ་སྐྱེ་མི་འཁྲུགས།། འཁྲུངསུ་ཟིན་ཀྱང་སྲིན་གྱི་ཟོས།། དེའི་ཚེ་ན་འཇིག་རྟེན་རྣམས།། བྲེས་པས་ལྟོགས་ཏེ།། ཤི་བ་ཡང་ཡིད་དགས་ངན་དུ་ལྟུང
410b2 བ་རྣམས། ཡུན་རིངས་སྡུག་བསྔལ་སྙོམས་ཡང་སློངས།། དེའི་ཚེ་ན་མི་རྣམས་ཀྱིས། སངས་རྒྱས་ཀྱིས་ནི་མཆོད་རྟེན་དང་། ཕྱོགས་བཞི་དགེ་འདུན་སྦྱིན
410b3 པའི་ནོར། ཐུགས་ཐུབ་དུ་ནི་ཀུན་དགོས་ཟོས།། དེ་ཕྱི་དགེ་འདུན་དེ་བཞིན་ནོ།། དགའ་བོ་ཁྱོད་ལ་སྩོགས་པའི་རྣམས་མུག་ཏེ། བྱུང་ལ་བརྩོན་འགྲུས་སྤྱོད།
410b4 ཕྱི་མའི་ཚེ་དུས་ཟད་པ་ན།། དེ་ལྟ་བུའི་ཆོས་ངན་རྣམས། མཐོང་བར་བྱ་བའི་མི་རིགས་སོ།། ཐ་མ་པ་ཐམས་ཅད་ཀུན།། གཏི་མུག་བླུན་པོ་ཤེས་རབ་མེད
410b5 ཐ་མལ་པའི་ལས་རྣམས་སྤྱོད། མྱུར་ཏེ་ལམ་ངན་ན་ནང་དུ་ལྷུང་། ཁྱོད་རྣམས་འགྲུས་པར་ཁ་ཏོན་ལྐུགས། དེའི་མིང་ནི་ཤེས་རབ་རྒྱུ། ཤེས་རབ་ཀྱི་ན་ཡོན
410b6 གྱིས་སུ། མྱུར་ཏེ་རྒྱལ་བའི་གནས་སུ་ཕྱིན། ངས་སུ་འཇིག་རྟེན་ན་དྲང་པོ་མཐོང་བསླབས་པ། ཁྱེད་རྣམས་ཀྱང་ནི་ང་བཞིན་བསློབས། འཇིག་རྟེན
410b7 བསྒྲིབ་པགས་དོན་བཅད་ན། མྱུར་ཏེ་རྒྱས་པའི་གནས་སུ་ཕྱིན། འཕགས་པ་ལམ་བརྒྱད་འགྲུས་བཅད་ན། མྱུར་ཏེ་མྱ་ངན་འདས་པ་ཐོབ།
410b8 ཆོས་བསྐུལ་བདག་གིས་བསོད་ནམས་བསྐུལ། ངས་སུ་བཤད་དོ།། ཆོག་ནི་དེ་བཞིན་ནོ།། བསལ་པ་འདི་ནི་འདས་བྱིན།




iiif viewer powered by OpenSeadragon

410a - 411a

Texts on this page

F179 - sangs rgyas kyi mdzod kyi chos kyi yi ge