e-texts navigator
Collection
Volume
Page
Wylie

324a1 དབྱ་བྱ། ཕྱི་མོ་ནས་རང་སྟོང་པས་བསམ་དུའང་མི་རུང་སྡེ།། འཇིག་རྟེན་ཐམས་ཅད་ཀྱིས་ཡིས་ཆེས་པར་མི་ནུས་པ་དེ་ལྟ་བུའི
324a2 མིང་མཚན་མེད་པའི་ཆོས་མིང་དང་མཚན་མས་བཤད་དོ།། དེ་ལྟ་བུ་ནི་ཆོས་ཀུན་ཆོག་ཀུན་སྐྱེ་བའང་མེད། འགོག་པའང་མེད། མཚན་མའང་མེད། བྱ་བའང་མེད
324a3 པས་མི་ནུས་ཡིད་ཆེས་ཤིང་ཤེས་པར་བྱ་བ་ནི་ཕྱིད་ཀྱིས་ཡོད་དཀོ་ནོ།། ། ཤ་རིའི་བུ་མི་ལ་ལ་ཞིག་གིས་རི་རབ་རིའི་རྒྱལ་པོ་བལྡད་དེ། མིད་ལ་ཞུས་ཤིང་ཟད་པར
324a4 བྱ་མི་ནུས་ལ། ན་མཁའ་ལ་འཕུར་ཏེ་སོང་ན། གནོད་མ་མེད་པ་དེ་ཁྱོད་ཀྱི་ཡིད་ཆེས་ཤིང་ཤེས་པར་ལ་ཇི་སྙམ་དུ་ཡོད་དཀོན་ནམ་ནི་མི་དཀོན། བཅོམ་ལྡན་འདས
324a5 དཀོན་ལགས་སོ།། ཤ་རིའི་བུ་སངས་རྒྱས་རྣམས་ཀྱིས་བཤད་པ་ལ། ཆོས་ཆོག་ཀུན་སྐྱེ་ཡང་མེད། འགོག་པའང་མེད། མཚན་མའང་མེད། བྱ་བའང
324a6 མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པས་ནི་ཕྱེད་ཀྱིས་ཡོད་དཀོན་ནོ།། ཤ་རིའི་བུ་དཔེར་མའི་མཁར་ཆུ་ཞིང་མཐོ་དམན་དཔག་ཚད་རེ་རེ་ཡོད་ལ།།
324a7 སྒོ་བཞིར་མེ་ལྕེ་བྱུང་བ་ལ་མི་ཞིག་ཁུར་དུ་རྩ་སྐམ་པོ་ཁྱེར་ཏེ། དེའི་ནང་ནས་པར་རྒལ་རླུང་དྲག་པོས་བུས་པའི་མེ་ལྕེ་དེའི་ལུས་སྲེག་ན། མེ་དེས་མེས་ཙའང་མ་ཚིག།
324a8 ལུས་ཀྱང་མཚིག་པར་བྱས་ཏེ། དེའི་ནང་ནས་བྱུང་ཏེ། སྔོན་གྱིས་དང་མི་ཚུངས་པར་མེད་པ་དེ་ཁྱོད་ཀྱིས་ཡིད་ལ་ཇི་སྙམ་ཡོད་དཀོན་ནམ་མི་དཀོན། བཅོམ་ལྡན




iiif viewer powered by OpenSeadragon

323b - 324b

Texts on this page

F179 - sangs rgyas kyi mdzod kyi chos kyi yi ge