| e-texts navigator |
| Wylie |
323b1 ལ་ནི་མིང་དང་མཚན་མས་བཤད། ངག་དང་ཚིག་མེད་པའི་ཆོས་ལ་ནི་ངག་དང་ཚིག་གིས་བཤད་པའི་དོན་བསམས་ན་ཡོད། དཀོན་པའི་སེམས་སྐྱེས་སོ།། སངས
323b2 རྒྱས་ཀྱིས་ཤ་རིའི་བུ་ལ་བཀའ་སྩལ་པ། དེ་ཡིན་ནོ་དེ་ཡིན་ནོ།། དོན་ཡོད་དཀོན་ཏེ་རབ་ཏུ་མེད། དཀོན་པས་ན་སངས་རྒྱས་ཀྱི་བླ་ན་མེད་པ་གཡུད་དྲང་རྫོགས་པའི
323b3 བྱང་ཆུབ་ཅེས་བྱའོ།། ཤ་རིའི་བུ་དཔེར་ན་རི་མོ་མཁས་པས་ན་མཁའ་ལ་བྲིས་ཏེ། ཁ་དོག་དང་གཟུགས་རྣམ་པ་ཅི་ཡང་སྣང་བར་བྱས་ན། ཁྱོད་ལ་ཡིད་ལ་ཏྲི་སྣ་མ་རི
323b4 མོ་མཁན་ཡོད་དཀོན་ནམ་མི་དཀོན། ཤ་རིའི་བུ་ཡང་དག་པར་གཤེགས་པས་འཐོབ་པའི་བླ་ན་མེད་པ་ཡང་གཡུང་དྲང་རྫོགས་པའི་བྱང་ཆུབ་ཀྱི་ཆོས་སོ་ཆོག་ལ
323b5 སྐྱེ་བ་མེད། འགོག་པ་ཡང་མེད་མཚན་མ་མེད། བྱ་བའང་མེད་པར་བཤད་ན། ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པས་ན་ཁྱེད་ཀྱིས་ཡོད་དཀོན་ནོ།། དེའི
323b6 ཕྱིར་ཞེས་བྱས་ན། མིང་དང་མཚན་མ་མེད་པའི་ཆོས་ལ་བསམ་པའང་མེད། ཐོབ་པའང་མེད། སྤྱད་པའང་མེད་བསམ་གྱི་མི་ཁྱབ་ཅིང་སེམས་ཀྱིས་གནས་ཤིང་རྟེན
323b7 པ་ཡང་མ་ཡིན། འདྲེན་པོར་དུ་བརྗོད་པའང་མེད། འདྲེན་ཐོར་དུ་བརྗོད་ཅིང་རྟེན་གན་སུ་རུང་བ་ཡཱ་མ་ཡིན། ཚོར་བའང་མེད། བརྟགས་པའང་མེད། ཇིས་སྡུ་བའང་མེད
323b8 སེམས་ལའང་མི་འདུག། ཐོབ་པས་ཐོབ་པ་འང་མེད། ཚུལ་རོལ་ཀྱང་མེད། ཕ་རོལ་ཀྱང་མེད། རྣམ་པར་རྟོག་པའང་མེད། གཡོ་བ་ཡང་མེད། རང་བཞིན་ཡང་མེད།།