| e-texts navigator |
| Wylie |
323a1 པའོ།། སངས་རྒྱས་མཛོད་བཤད་པའི་ལེའུ་དང་པོ་སྟེ། ཆོས་སོ་ཆོག་གིས་བདེན་པའི་མཚན་མེའི་ལེའུའོ།། འདི་སྐད་བདག
323a2 གིས་ཐོས་པའི་དུས་ཅིག་ན། སངས་རྒྱས་མཁར་རྒྱལ་པོའི་ཁབ་ཀྱི་རི་ཁུ་མཐའི་རི་ལ་དགེ་སློང་ཆེན་པོ་རྣམས་དང་ལྷན་ཅིག་ཏུ་གཞུགས་ཏེ།། ཀུན་ཀྱང་ཕལ
323a3 གྱིས་རིག་པ་དང་། མུ་མེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་ཏེ། དཔག་ཏུ་མེད་གྲངས་མེད་དོ།། དེའི་ཚེ་ཤ་རི་བུ་ཏིང་ངེ་འཛིན་ལས་བྱུང་སྟེ།
323a4 སངས་རྒྱས་ཀྱིས་ཟད་དུ་སོང་ནས། ཕྲག་པ་གཡས་པ་བྱུང་སྟེ། མགོ་དང་གདོང་གིས་ཕྱག་འཚལ་ནས། སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་ཡང་དག་པར
323a5 གཤེགས་པས་བཤད་པ། ཆོས་སོ་ཅོག་ཀུན་སྐྱེ་བ་པ་ཡང་མེད། འགག་པ་ཡང་མེད། མཚན་མའང་མེད། བྱ་བ་འང་མེད། མི་རྣམས་ཡིད་ཆེས་ཤིང་ཤེས
323a6 བར་བགྱིས་པ་ཡོད་དཀོན་ནོ།། སངས་རྒྱས་ཀྱིས་ཤ་རིའི་བུ་ལ་བཀའ་སྩལ་པ། ཁྱོད་ཀྱིས་བསོད་ནམས་ཇི་ཞིག་མཐོང་ན། ཡང་དག་པར་གཤེགས་པས་ཆོས་སོ་ཆག
323a7 ཀུན་ལ་སྐྱེ་བ་མེད། བགོག་པ་མེད། མཚན་མ་མེད། བྱ་བ་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་དཀོན་ནོ་ཞེས་བསྔོ། ཤ་རིའི་བུས་སངས་རྒྱས
323a8 ལ་གསོལ་པ། བཅོམ་ལྡན་འདས་དབེན་པ་མ་མཆིས་ན་འཁོར་མོར་སེམས་འདི་སྙམ་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་མིང་དང་མཚན་མེད་པའི་ཆོས