| e-texts navigator |
| Wylie |
322a1 རྣམ་པ་མང་པོ་དག་ནི་ཇི་སྲིད་བརྒྱ་མཚོ་ཆེན་པོ་ལ་ཞེན་པར་མ་གྱུར་པར་དེ་སྲི་དུ་གནས་ཐ་དད་པ་དང་། ཆུ་ཐ་དད་པ་དང་། ཆུ་ཆུང་བ་དང་། ཆུ་སྐྱེ་འགྲིང
322a2 ཡོད་པ་དང་། སོ་སོར་རང་གིས་བྱ་བ་བསྒྲུབ་པའི་ལས་ཅན་གྱིས་ཆུ་དང་། སྲོག་ཆགས་ཆུ་སྐྱེ་ཉུང་དུ་དག་གི་མཚོ་ཉེ་བར་སྟོན་པའི་གནས་ཡིན་ནོ།། ནམ་བ་རྒྱ་མཚོ་ཆེན་པོ་ཞེན
322a3 པར་གྱུར་པ་དོན་གནས་ཐ་དད་པ་མ་ཡིན་པ་དང་། ཆུ་དང་པ་མ་ཡིན་པ་དང་། ཆུ་ཚད་མེད་དང་། ཆུ་སྐྱེ་འགྲིབ་མེད་པ་དང་། བྱ་བ་ཅིག་བསྒྲུབས་པའི་ལས་ཅན་གྱི་ཆུ་དང་། སྲོག
322a4 ཆགས་ཆུ་སྐྱེས་ཕལ་པོ་ཆེ་རྣམས་ཀྱིས་མཆོ་བ་ཉེ་བར་རྟོག་པའི་གནས་ཡིན་ནོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཇི་སྲིད་དུ། དེ་བཞིན་གཤེགས་པ་པའི་ཆོས་ཀྱི
322a5 དབྱིངས་རྣམ་པར་དག་པའི་བརྒྱ་མཚོ་ཆེན་པོར་ཞུགས་པར་མ་གྱུར་པ་དེ་སྲིད་དུ། གནས་ཐ་དད་པ་དང་། ཡེ་ཤེས་ཆུང་བ་དང་། ཡེ་ཤེས་འཕེལ་འགྲིབ་ཡོད་པ་དང་། སོ་སོ
322a6 རང་གི་བྱ་བ་བསྒྲུབས་པའི་ལས་ཅན་གྱིས་ཡེ་ཤེས་དང་། གདུལ་བའི་སེམས་ཅན་ཉུང་ངུ་དག་ཡོངས་སུ་སྨིན་པར་བྱེད་པའི་གནས་ཡིན་ནོ།། ནམ་དེ་བཞིན་གཤེས་པའི་ཆོས
322a7 དབྱིངས་རྣམ་པར་དག་པའི་བརྒྱ་མཚོ་ཆེན་པོར་ཞུགས་པར་གྱུར་པ་དེ་ཉིད་ན། གནས་ཐ་དད་པ་མ་ཡིན་པ་དང་། ཡེ་ཤེས་ཐ་དད་པ་མ་ཡིན་པ་དང་། ཡེ་ཤེས་ཚད་མེད་པ་དང་།
322a8 ཡེ་ཤེས་འཕེལ་འགྲིབ་མེད་པ་དང་། འ་དྲེས་པ་ཉེ་བར་འདྲེས་པ། འབྲས་བུ་རོ་ཅིག་པའི་བྱ་བ་བསྒྲུབ་པའི་ལས་ཅན་གྱིས་ཡེ་ཤེས་དང་། གདུལ་བའི་སེམས་ཅན་ཕལ་པོ་ཆེ