| e-texts navigator |
| Wylie |
321b1 བའི་ཚལ་དུ་ཞུགས་པར་མ་འགྱུར་དེ་སྲིད་དུ་དེ་དག་ལ། ལྷའི་ལོངས་སྤྱོད་དངོས་པོ་དང་། ཉམ་སུ་མྱོང་བ་དང་། ང་ཡིར་འཛིན་པའི་སྒོ་ནས་ཀྱང་། འདྲེས་པ་ཉེ་བར
321b2 འདྲེས་པ་རྣམས་ཀུན་ཏུ་མི་གནས་ཀྱིས། ནམ་འདྲེས་པའི་འཚལ་དུ་ཞུགས་པ་རྣམས་ཀྱི་མཐུ་འདི་དང་འདྲ་སྟེ། གང་སུམ་ཅུ་རྩ་གསུམ་པའི་ལྷ་དེར་ཞུགས་པ་རྣམས་ལ།
321b3 ལྷའི་ལོངས་སྤྱོད་དངོས་པོ་དང་། ཉམས་སུ་མྱོང་བ་དང་། ང་ཡིར་འཛིན་པ་མེད་པའི་སྒོ་ནས་ཀྱང་འདྲེས་པ་ལ། ཉེ་བར་འདྲེས་པ་རྣམས་ཀུན་དུ་གནས་སོ།། དེ་བཞིན་དུ་བྱང
321b4 ཆུབ་སེམས་དཔའ་རྣམས་ཇི་སྲིད་དུ་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་མ་གྱུར་པ་དེ་སྲིད་དུ། སེམས་མཉམ་པ་ཉིད་མ་ཐོབ་པ་དེ་དག་ལ་བཏང་སྙོམ་སུ་ཉན་ཐོས་དང་། རང
321b5 སངས་རྒྱས་ཐམས་ཅད་ལ་ཡང་མེད་པ་གང་ཡིན་པ་ཐམས་ཅད་ཀྱང་ཐོབ་པར་མི་འགྱུར་བ་ལ། གཉིས་སུ་འདུ་ཤེས་པ་དེ་དག་ལ་འདྲེས་པ། ཉེ་བར་འདྲེས་པ། འབྲས་བུ
321b6 རོ་ཅིག་པ། ཡེ་ཤེས་རྫོགས་པར་ལོངས་སྨད་པ་ཡང་ཀུན་དུ་མི་དམིག་སོ།། ནམ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་པ་དེ་གཉིས་སུ་འདུ་ཤེས་པའི་གཉེན་པོས
321b7 སེམས་མཉམ་པ་ཉིད་ཐོབ་ནས། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་འཐུན་མོངས་མ་ཡིན་པའི་བཏང་སྙོམས་ཀྱང་ཐོབ་ཅིང་། དེ་དག་ལ་འདྲེས་པ་ཉེ་བར
321b8 འདྲེས་པ་འབྲས་བུ་རོ་ཅིག་པ། ཡེ་ཤེས་རྫོགས་པ་འདུ་ཤེས་པར་ལོངས་སྤྱོད་པར་ཡང་ཀུན་དུ་གནས་སོ།། ཤིན་དུ་འདུས་པ་འདི་ལྟ་སྟེ་དཔེར་ན་ཆུ་བོ་དང་ཆུ་ཟན