e-texts navigator
Collection
Volume
Page
Wylie

24b1 བགྱིའོ།། དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས། དེའི་ཚེ་འདི་ལྟར་བུའི་བདེན་པའི་ཚོགས་འདི་བྱས་ཏེ། བདེན་པ་དང་བདེན་པའི་ཚིག་གང་གིས། བདག་སེམས་ཅན་རྣམས་ཀྱི་དོན་དུ་བྱུང
24b2 ཆུབ་ལ་སྤྱོད་པའི་བདེན་པ་དང་། བདེན་པའི་ཚིག་དེས། བྲམ་ཟེ་འདིའི་ལུས་ཚིག་པ་རབ་ཏུ་ཞི་བར་གྱུར་ཅིག། སེམས་ཅན་དམྱལ་བ་ལས་ཀྱང་ལོག་པར་གྱུར་ཅིག་ཅེས་བྱས་སོ།། བྲམ་ཟེའི
24b3 ཁྱེའུ་ཆོས་འདོད་ཀྱི་བདེན་པ་དང་བདེན་པའི་ཚོགས་བྱས་མ་ཐག་ཏུ། བྲམ་ཟེ་དེ་སེམས་ཅན་དམྱལ་བ་དེ་ནས་ཐར་བར་གྱུར་རོ།། དགེ་སློང་དག་དེའི་ཚེ་དེའི་དུས་ན། བྲམ་ཟེའི་ཁྱེའུ་ཆོས
24b4 འདོད་ཅེས་བྱ་བར་གྱུར་པ་དེ་བཞིན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཙོམ་ཟ་ན། དེ་ལྟར་མི་ལྟ་སྟེ། དགེ་སློང་དག་ང་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་ཆོས་འདོད་ཅེས་བྱ་བར
24b5 གྱུར་ཏོ།། དགེ་སློང་དེའི་ཚེ་དེའི་དུས་ན། བྲམ་ཟེར་གྱུར་པ་དེ་དག་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིག། ཐེ་ཙོམ་ཟ་ན་དེ་ལྟར་མི་ལྟ་སྟེ། ཁྱིམ་བདག་དཔལ་སྦས་དེའི་ཚེ
24b6 དེའི་དུས་ན་བྲམ་ཟེར་གྱུར་ཏོ།། དགེ་སློང་དག་དེའི་ཚེ་ཡང་ཁྱིམ་བདག་དཔལ་སྦས་མེ་དོང་དུ་བསྲེགས་པ་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འདོད་པ་ལས་ངས
24b7 སེམས་ཅན་དམྱལ་བ་ཆེན་པོ་དེ་ནས་བཟློག་ཅིག། འཕགས་པའི་ཆོས་འདུལ་བ་ལ་བཞག་སྟེ།། འདི་སླང་དེ་ཡང་དེ་བཞིན་དུ་ཟུང་ཤིག། དགེ་སློང་དག་ད་ལྟར་ཡང་དཔལ
24b8 སྦས་ང་མེ་དོང་དུ་བསྲེགས་ལ་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འདོད་ལ། ངས་དེ་སེམས་ཅན་དམྱལ་བ་ཆེན་པོ་དེ་ལས་བཟློག་ཅིང་། འཕགས་པའི་ཆོས་འདུལ་བ་ལ།




iiif viewer powered by OpenSeadragon

24a - 25a

Texts on this page

F165 - 'phags pa dpal sbas zhes bya ba'i mdo