e-texts navigator
Collection
Volume
Page
Wylie

23b1 བདག་ལ་ལེགས་པར་བཤད་པ་ལེགས་པར་བསྒྲགས་སུ་གསོལ། དེ་ནས་བྲམ་ཟེ་དེས། བྲམ་ཟེའི་ཁྱེའུ་ཆོས་འདོད་ལ་ཚིགས་སུ་བཅད་པ་འདི་ལྟ་བུ་བསྟན་ཏོ།། སྦྱིན་པ་ལ་ནི་རྟགས
23b2 ཏུ་དགའ་བར་བགྱིས།། རྟགས་ཏུ་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་སྤྱོད།། བརྩོན་འགྲུས་མཆོག་གི་གནས་ནི། བརྩམ་པར་གྱིས། ཤེས་རབ་ཀྱིས་ནི་ཆོས་མཆོག་དམ་པ་ཐོབ།
23b3 དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས། བྲམ་ཟེ་དེ་ལ་ཚིགས་སུ་བཅད་པ་འདི་ལེགས་པར་རབ་ཏུ་བཟུང་སྟེ། སྐྱེ་བོ་ཕལ་པོ་ཆེ་ལ་བསོགས་ནས། མཆོད་སྡོང་མཐོན་པོའི་ཁར་འཛེགས
23b4 ཏེ། སྐྱེ་བོ་ཕལ་པོ་ཆེ་ལ་ཚིགས་སུ་བཅད་དེ་འདི་དག་སྒྲགས་སོ།། སྦྱིན་པ་ལ་ནི་རྟག་ཏུ་དགའ་བར་གྱིས། རྟག་ཏུ་ཚུལ་ཁྲིམས་ཡོངས་སུ་རྟོགས་པར་སྤྱོད། བརྩོན་འགྲུས་མཆོག
23b5 གི་གནས་ནི་བརྩམ་པར་གྱིས།། ཤེས་རབ་ཀྱིས་ནི་ཆོས་མཆོག་དམ་པ་ཐོབ།། དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས། སྐྱེ་བོ་ཕལ་པོ་ཆེ་དེ་ལ་ཚིགས་སུ་བཅད་པ་འདི་བསྒྲག
23b6 ནས། འདི་ལྟ་བུའི་བདེན་པའི་ཚིགས་འདི་བྱེད་དེ།། ས་ཕྱོགས་འདི་ན་ལྷ་ཆེན་པོ་གང་དག་གནས་པ་རྣམས་བདགེ་ལ་དགོངས་སུ་གསོལ།། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་།
23b7 གནོད་སྦྱིན་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེཆེན་པོ་དེ་དག་ཐམས་ཅད་ཀྱང་བདག་ལ་དགོས་སུ་གསོལ།། བདག་ནི་སྟོང་པར་དགྱིད
23b8 དེ།། ཤིན་ཏུ་གཏོང་བ་དང་། གཏོང་བའི་ཡང་གཏོང་བ་དང་། བདག་ཉིད་ཡོངས་སུ་གཏོང་བར་བགྱིད་དོ།། བདེན་པ་དང་བདེན་པའི་ཚིགས་གང་གིས་བདག་ཡོངསུ།




iiif viewer powered by OpenSeadragon

23a - 24a

Texts on this page

F165 - 'phags pa dpal sbas zhes bya ba'i mdo