e-texts navigator
Collection
Volume
Page
Wylie

23a1 ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས། བྲམ་ཟེ་དེ་ལ་ཚིགས་སུ་བཅད་དེ་སླར་སྨྲས་པ། བྱང་ཆུབ་ཚོལ་བ་ག་ལ་བེ་དེ། ག་ལ་བ་དེ་ཡོང་བྱང་ཆུབ
23a2 ཚོལ། བྱང་ཆུབ་བཙལ་ཕྱིར་བདེ་བའོ།། བདེ་བ་འོར་བྱང་ཆུབ་བཙལ་བའི་ཕྱིར། དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ།། སློབ་དཔོན
23a3 བདག་ལ་ལེགས་པར་བཤད་པར་བསྒྲགས་སུ་གསོལ། འོ་ན་ང་ཁྱོད་གང་བཤད་པར་བགྱིའོ།། བྲམ་ཟེའི་ཁྱེའུ་ཆོས་འདོད་ལ་ལེགས་པར་བཤད་པའི་དོན་གྱི་ཕྱིར་བདག་ཉིད་དོར་བར
23a4 འདོད་དོ།། ཞེས་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་ཐོས། ནས། དེ་དག་ཐམས་ཅད་དུ་ཞིང་གཏོང་ལ་མཆི་མ་ཟག་བཞིན་དུ།། བྲམ་ཟེའི་ཁྱེའུ་ཆོས་འདོད་ག་ལ་བ་དེར་དོང་སྟེ། ཕྱིར
23a5 ནས། བྲམ་ཟེ་ཆོས་འདོད་ལ་འདི་སྐད་ཅེས་སྨྲས་སོ།། ཆོས་འདོད་ཁྱོད་བདག་ཉིད་མ་དོར་ཅིག། ཆོས་འདོད་ཁྱོ་ནི་ཁྱིམ་ན་འཇུག་བཞིན་དུ་སྦྱིན་པ་སྦྱིན་པ་དང་། བསོད་ནམས་བྱ་བར
23a6 ནུས་སོ།། བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་བྲམ་ཟེ་དང་། ཁྱིམ་བདག་དེ་འགའ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་བདག་དེ་སྐད་ཅེས་གསུངས་ཤིག། བདག་གིས་སློབ
23a7 གྱི་དགོངས་པའི་ངེས་པར་བསྐང་བར་བགྱིའི། དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས། མཆོད་སྡོང་ཆེན་པོ་བདུགས་སུ་བཅུག་སྟེ། ཆོས་དོང་ཆེན་པོ་བཙུགས་ནས་དྲུང་དུ་དོང་ཆེན་ནོ
23a8 ནོར་བཅུག་སྟེ།། བསྐོས་ནས། མེས་འགེངས་སུ་བཅུགས་སོ།། མོ་མི་འབར་ཞིང་དུ་བ་མི་འཐུལ་བས་བཀང་ནས། བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ།། སླེབ་དཔོརན




iiif viewer powered by OpenSeadragon

22b - 23b

Texts on this page

F165 - 'phags pa dpal sbas zhes bya ba'i mdo