| e-texts navigator |
| Wylie |
22b1 ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བྲམ་ཟེའི་ཁྱོད་འདོས་ལ་འདི་སྐད་ཅེས་སྨྲས་སོ།། ངས་བྲམ་ཟེའི་ཁྱེའུ་ལ་ལེགས་པར་བཤད་པ། སྒྲགས་པར་བྱའོ།། བྲམ་ཟེའི་ཁྱེའུ་ཆོས
22b2 འདོད་ཀྱིས་སྨྲས་པ། འཕགས་པ་ལེགས་པར་བཤད་པ་དག་ལ་ལེགས་པར་བཤད་པ་བདག་ལ་ལེགས་པར་སྒྲགས་སུ་གསོལ། བྲམ་ཟེའི་སྨྲས་པ་ཆོས་འདོད་ངས་ཁྱོད
22b3 ལ་དེ་བཞིན་དུ་ལེགས་པར་བཤང་པ་སྒྲགས་སུ་མི་རུང་ངོ་།། འཆོས་འདོད་ཀྱིས་སྨྲས་པ། འཕགས་པ་འོ་ན་ཁྱོད་ཀྱིས་ལེགས་པར་བཤད་པ་དག་ལ་ཇི་ལྟར་བསྒྲགས་པར
22b4 བགྱིད། བྲམ་ཟེས་སྨྲས་པ། གལ་ཏེ་ཆོས་འདོད་ཀྱིས་དོང་ཆེན་པོ་རྐོར་བཅུག་ལ། བསྐོས་ནས་མེས་འགོངས་སུ་བཅུག་སྟེ། མེ་མི་འབར་ཞིང་། དུ་བ་མི་ཐུལ་བས་བཀང་ནས།
22b5 མཆོད་སྡོང་མཐོང་ན་འཛུགས་སུ་ཆུག་ལ། འཛུགས་སུ་བཅུག་ནས། མེ་དོང་བདག་ཉིད་མཆོངས་ན། དེ་ལྟ་ན་ངས་ཁྱོད་ལ་ལེགས་པར་བཤད་པ་བསྒྲགས་པར་བྱའོ།།
22b6 བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་སྨྲས་པ། འཕགས་པ་བདག་འདི་ནི་ལེགས་པར་བཤད་པ་གང་ཅི་ཚོལ་བ་དེ་ཐམས་ཅད་རྣམས་ཀྱི་དོན་གྱི་སླད་དུ་ལགས་ན། སློབ་དཔོན་བདག
22b7 གིས་ལེགས་པར་བཤད། སེམས་ཅན་རྣམས་ལམ་བསྒྲགས་པར་ཇི་ལྟར་མེ་དོང་དུ་མཆོད་པར་བགྱི། དེ་ནས་བྲམ་ཟེའི་དེས། བྲམ་ཟེའི་ཁྱེའུ་ཆོས་འདོང་ལ། ཚིགས་སུ
22b8 བཅད་དེ་སྨྲས་པ། སྔགས་ཚོལ་བདེ་བ་ག་ལ་ཡོད།། ག་ལ་བདེ་བ་ཡོང་སྔགས་ཚོལ་བ། སྔགས་བཙལ་ཕྱིར་ན་བདེ་བ་འོང་། བདེ་བ་འོད་ཅིག་སྔགས་བཙལ་ཕྱིར། དེ