e-texts navigator
Collection
Volume
Page
Wylie

22a1 དཔའ་སྨྲས་དུ་སྲེགས་པ་དང་། སེམས་དམྱལ་བ་ཆེན་པོར་ལྟུང་བར་འདོད་དེ། ངས་དེ་སེམས་ཅན་དམྱལ་བ་ཆེན་པོ་དེ་ལས་བཟློག་གོ།། དགེ་སློང་དག
22a2 གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཁྱིམ་བདག་དཔལ་སྦས་གཞན་གྱིས་ཚེ། བཅོམ་ལྡན་འདས་ཞུགས་ཀྱི་དོང་དུ་སྲེགས་ཏེ། སེམས་ཅན་དམྱལ་བ་ཆེན་པོ
22a3 ནར་མཆིས་པར་ལྟུང་བར་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་དེ་ལས་ཐར་པར་མཛད་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ
22a4 སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བྲམ་ཟེའི་ཁྱེའུ་སྣང་བ་ཆོས་འདོད་པ་ཅེས་བྱ་བ། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ།།
22a5 འདོད་པ་ཆུང་བ་ཆོག་ཤེས་པར་རབ་ཏུ་དབེན་པ་དགེ་བའི་ཆོས་ཅན་ཞིག་བྱུང་སྟེ། བྲམ་ཟེའི་ཁྱེའུ་ཆོས་འདོད་ནི་གཟུགས་བཟང་བ། མཛེས་པ་དང་། ལྟ་ན་སྡུག་པ
22a6 ཁ་དོག་བཟང་པོ་རྒྱས་པ་མཚོ་དང་ལྡན་པའོ།། བྲམ་ཟེའི་ཁྱེའུ་ཆོས་འདོད་དེ་བྲམ་ཟེ་དང་རྒྱལ་རིགས་དང་། ཁྱིམ་བདག་རྣམས་ཀྱིས་བསྐུར་སྟི་དང་། བླ་མར་ཕྱེད་བྱས་ཏེ། ཆོས་རས།
22a7 གོས་དང་། ཟས་དང་། མལ་ཆགས་དང་། ན་བའི་སོས་སྨན་ཡོད་བྱད་བཟང་པོ་མང་པོ་རྙེད་པར་གྱུར་རོ།། བྲམ་ཟེའི་ཁྱེའུ་ཆོས་འདིད་ནི་སྟོང་ཕྲག་བརྒྱས་ཚིགས་སུ
22a8 བཅད་པ་ཅིག་འཚལ་ལོ།། དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ན་སྟོང་ཕྲག་ཀྱི་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་མ་བཟོད་ནས། བྲམ་ཟེའི་ཁྱེའུ་ཆོས་འདོད་ན




iiif viewer powered by OpenSeadragon

21b - 22b

Texts on this page

F165 - 'phags pa dpal sbas zhes bya ba'i mdo