e-texts navigator
Collection
Volume
Page
Wylie

21b1 བདག་དཔལ་གྱིས་ཆོས་མཐོང་ཆོས་ཐོབ། ཆོས་ཡོངས་སུ་བསྐྱེད། མངོན་པར་ཡང་དག་པར་རྟོགས། ནེམ་ནུར་མེད་ཐེ་ཙོམ་དང་བྲལ། སོམ་ཉིད་དང་བྲལ་གཞན་གྱི་དྲིན་མི
21b2 འཇོག། སྟོན་པའི་བསྟན་པ་ཀུན་ཏུ་ཤེས། མི་འཇིགས་པ་ཐོབ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བདག་སངས་རྒྱས
21b3 དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་འཆིའོ།། བཙུན་པ་བཅོམ་ལྡན་འདས་བདག་ལ་དགེ་སྙེན་བཟུང་དུ་གསོལ།། དེང་ནས་ཇི་སྲིད་འཚོའི་བར་དུ་བདག་གི་སྐྱབས
21b4 ཁྱོད་ལགས་ཏེ། སྐྱབས་སུ་འཆིའོ།། དེ་ནས་དགེ་སློང་དག་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ཏེ། འདི་ལྟར་ཁྱིམ་བདག་དཔལ་སྦས་བཅོམ་ལྡན་འདས་མེ་དོང་དུ
21b5 སྲེགས་པ་དང་། སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འདོད་པ་རོ། བཅོམ་ལྡན་འདས་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་ནས་བཟློག་སྟེ། ཆོས་རྣམས་ཆོས་ཀྱི
21b6 མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའོ།། སྙམ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱིམ་བདག་དཔལ
21b7 སྦས་དེ་ལྟར་འབབ་ཤིག་ང་མེ་དོང་དུ་བསྲེགས་པ་དང་། སེམས་ཅི་ན་དམྱལ་བ་ཆེན་པོར་ལྟུང་བར་འདོད་ལ། ངས་དེ་སེམས་ཅན་དམྱལ་བ་ཆེན་པོ་དེ་ལས་བཟློག
21b8 སེ། ས་རྣམས་ལ་ཆོས་ཀྱི་མིས་རྡུལ་མད་ཅིང་དྲིམ་དང་བྲལ་བསྐྱེས་པར་ཡས་ཡང་ངོ་། དགེ་སློང་དག་གཞན་གྱི་ཚེ་ཡང་། ཁྱིས་བདག་དཔའ་སྨྲས་དངོང།




iiif viewer powered by OpenSeadragon

21a - 22a

Texts on this page

F165 - 'phags pa dpal sbas zhes bya ba'i mdo