| e-texts navigator |
| Wylie |
21a1 པལ་སྦསསྦས་ཕྱོགས་ཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་གཏམ་རིམ་གྱིས་མཛད་པ་འདི་ལྟ་སྟེ། གང་འདི་སྦྱིན་པའི་གཏམ་དང་། ཚུལ་ཁྲིམ
21a2 ཀྱི་གཏམ་དང་། མཐོ་རིས་ཀྱི་གཏམ་དང་། འདོད་པའི་ཉེས་དམིགས་དང་། དེའི་འོག་ཏུ་ཟག་པ་དང་། ཀུན་ནས་ཉོན་མོངས་པ་དང་། མངོན་པར་འབྱུང་བའི་ཕན་ཡོན་དང་། རྣམ
21a3 བྱང་བའི་ཕྱོགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཁྱིམ་བདག་དཔལ་སྦས་ལ་བརྒྱ་ཆེར་རབ་ཏུ་བསྟན། རབ་ཏུ་འཇོམ། རྣམ་པར་གྲོལ། རྣམ་པར་འབྱེད། གསལ་བར
21a4 མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་གང་གི་ཚེ། ཁྱིམ་བདག་དཔལ་སྦས་སེམས་དགའ་བ་དང་། སེམས་མཉེན་པ་དང་། སེམ་དགེ་བ་དང་། སྒྲིབ་པ་མེད་པའི་སེམས
21a5 སུ་གྱུར་པར་མཁྱེན་པ་དེའི་ཚེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཡང་དག་ཕུལ་གྱི་ཆོས་གང་སྟོན་པ་སྟེ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔལ་སྦས་ལ་རྒྱ་ཆེར་རབ
21a6 ཏུ་སྟན། རབ་ཏུ་གཞག། རྣམ་པར་དཀྲོལ། རྣམ་པར་ཕྱེ། གསལ་བར་མཛད། རབ་ཏུ་བཤད་དོ།། དེ་ནས་ཁྱིམ་བདག་དཔལ་སྦས་སྟེན་དེ་ལས་འདུག་བཞིན་དུ་ཆོས་རྣམ
21a7 ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་ཏེ། འདི་ལྟ་སྟེ་དཔེར་ན། རས་ནག་པོའི་བག་མེད་པ། ཁ་བསྒྱུར་བར་འོས་པ། མཚོན་གྱི་ནང་དུ་བཅུག་ན། ཚོན་ལེགས
21a8 བར་འཛིན་པ་དེ་བཞིན་དུ། ཁྱིམ་བདག་དཔལ་སྦས་ཀྱང་སྟན་དེ་ལ་འདུག་བཞིན་དུ། ཆོས་རྣམས་ལ་ཆོས་ཀྱི་མིག། རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ།། དེ་ནས་ཁྱིམ