e-texts navigator
Collection
Volume
Page
Wylie

20a1 དཔལ་སྦསརྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བར་གྱུར་ཏོ།། ཁྱིམ་བདག་དེའི་ཚེ་དེའི་དུས་ན། རྨ་བྱ་ལྔ་བརྒྱར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་པ
20a2 ཁྱོད་དོགས་ཤིང་ཐེ་ཙོམ་ཟན། དེ་ལྟར་མི་ལྟ་སྟེ། དགེ་སློང་མཆོག་ལྔ་བརྒྱ་པོ་འདི་དག་དེའི་ཚེ་དེའི་དུས་ན། རྨ་བྱ་ལྔ་བརྒྱར་གྱུར་པ་ཏེ།། ཁྱིམ་བདག་དུང་འགྲོའི་སྐྱེས་གནས་སུ་གྱུར་པ་དེར
20a3 ཚེ་ཡང་ལུས་ངག་གི་མི་ཚུགས་ན། ད་ལྟར་མངོན་པར་སངས་རྒྱས་པ་ལྟ་ལ་སྨོས་ཀྱང་ཅི་དགོས་ཏེ།། ངའི་ལུས་ལ་དུ་གིས་ཚུགས་པར་འགྱུར་བ་འདི་ནི་གནས་མེད་དོ།། དེ་བས་ན།
20a4 ཁྱིམ་དག་ནིགས་སུ་བཅད་པ་བརྗོད་པ་བྱས། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ཟུང་བ་ཤིག། དང་། ངས་ཁྱོད་ལ་བཤད་ཀྱིས། ལེགས་པར་རབ་ཏུ་ཟུང་ཟས་ལ་ལན་སུམ་བཟླས
20a5 པར་གྱིས་ཏེ། དགེ་སློང་གི་དགེ་འདུན་ལ་རིམས་ཤིག་འདོད་ཆགས་ཞེ་སྡང་གཏི་མུགས་རྣམས། དེ་དག་འཇིག་རྟེན་དུག་གསུམ་སྟེ། བཅོམ་ལྡན་སངས་རྒྱས་དུག་མེད་པ།།
20a6 སངས་རྒྱས་བདེན་པས་དུག་བཅོམ་མོ།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། དེ་དག་འཇིག་རྟེན་དུག་གསུམ་སྟེ། བཅོམ་ལྡན་ཆོས་ནི་དུག་མེད་པ།། ཆོས་ཀྱི་བདེན
20a7 བས་དུགས་བཅོམ་མོ།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། དེ་དག་འཇི་རྟེན་དུག་གསུམ་སྟེ།། བཅོམ་ལྡན་དགེ་འདུན་དྲུག་མེད་པ། དགེ་འདུན་བདེན་པས་དྲུག་བ
20a8 སོ།། བདེན་པ་གང་གིས་ང་སངས་རྒྱས། འཇིག་རྟེན་ཀུན་ལ་བླ་ན་མེད།། བདེན་པའི་ཚིག་ནི་དེ་ཡིས།། གང་ལུས་དྲུག་གིས་མི་ཚུགས་ཤོག། བདེན་དེའི་གང་གིས་ཛབ་ཆས།




iiif viewer powered by OpenSeadragon

19b - 20b

Texts on this page

F165 - 'phags pa dpal sbas zhes bya ba'i mdo