e-texts navigator
Collection
Volume
Page
Wylie

19b1 ཀྱིས་ངཤེས་ཏེ། ཁྱོད་འདི་སྙམ་དུ་བདགཏུ་སྐྱེས་པ་གཞན་ལ་ཆགས་པར་གྱུར་ལ། བྱ་འདི་ཤེས་ཏེ། འདི་ཡང་མི་སྐད་སྨྲ་བས། འདིས་གཏམ་འདི་རྒྱལ་པོ་ཚངས་པས་བྱིན་ལ་མ
19b2 བསྙད་གྲང་། རྒྱལ་པོ་བདག་བཟུང་སྟེ། མཽ་སྲང་གྲང་སྙམ་དུ་སེམས་ནས། དེའི་ཅིའི་ཕྱིར་ཁྱོད་ཀྱི་ང་ལ་ཟས་དུག་ཅན་དང་། སྐོམ་དུག་ཅན་བྱིན་ཏེ། ཁྱོད་ཀྱིས་ང་སད་པར་མི་ནུས།
19b3 དེ་ནས་བཙུན་མོ་དཔེ་མེད་དེས་ཚིག་དེས་ཐོས་ནས། ཁབ་བུབ་ཏུ་སྐྱེལ་ཏེ། ཁྲག་དྲོན་མོ་སྐྱུགས་ནས། ནད་ཚབས་ཆེན་པོས་བཏབ་སྟེ། ནད་དེ་ཉིད་ཀྱིས་ཤི་བའི་དུས་བྱས་སོ།།
19b4 དེ་ཤི་ནས་སེམས་ཅན་དམྱལ་བ་ཆེན་པོར་དུ་འབོད་དུ་སྐྱེས་པར་གྱུར་ཏོ།། ཁྱིམ་བདག་དེའི་ཚེ་དེའི་དུས་ན་གྲོང་ཁྱེར་བ་རན་སེའི་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བར་གྱུར་པ་དེ
19b5 གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཙོམ་ཟ་ན་དེ་ལྟར་མི་ལྟ་སྟེ། དགེ་སློང་ཤ་རི་བུ་དེའི་ཚེ་དེའི་དུས་ན། རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བར་གྱུར་ཏོ།། ཁྱིམ་དག་དེའི
19b6 ཚེ་དེའི་དུས་ན། བཙུན་མོ་དཔེ་མེད་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཙོམ་ཟ་ན་དེ་ལྟར་མི་ལྟ་སྟེ། བྲམ་ཟེའི་བུ་མོ་གཡོ་མ་སྟེ། དེའི་ཚེ་དེའི་དུས་ན།
19b7 བཙུན་མོ་དཔེ་མེད་ཅེས་བྱ་བར་གྱུར་ཏོ།། ཁྱིམ་བདག་དཔལ་བས་དེའི་ཚེ་དེའི་དུས་ན། རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ་གནས་པརྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ
19b8 ཞེས་བྱ་བར་གྱུར་པ་ཏེ། གཞན་གཞིག་ཡིན་བྱ་དུ་དོགས་ཤིང་ཐེ་ཚོམ་ཟེ་ན་དེ་ལྟར་མི་ལྟ་སྟེ། ང་དེའི་ཚེ་དེའི་དུས་ན། རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ་གནས་པ




iiif viewer powered by OpenSeadragon

19a - 20a

Texts on this page

F165 - 'phags pa dpal sbas zhes bya ba'i mdo