| e-texts navigator |
| Wylie |
19a1 དང་ལྡན་པ་སྟེ། དེས་ནུས་སོ་སྙམ་མོ།། ལྷ་མོ་ཁྱོད་ཀྱིས་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་འདི་ངས་ཇི་ལྟར་རིམ་གྲོ་བྱས་པ་བཞིན་དུ། བདག་ཉིད་གྱིས་ཤིག།
19a2 དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱི་བཙུན་མོ་དཔེ་མེད་བདག་ཉིད་ཀྱིས། མེ་ཏོག་དང་འབྲས་བུ་རྣམས་ཀྱིས་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་དེ་ལ་སྙེན་བཀུར་བྱེད་དོ།། དེའི་ཚེ་དུས
19a3 གཞན་ཞིག་ན་བཙུན་མི་དཔེ་མེད་སྐྱེས་པ་གཞན་ལ་ཆགས་པར་གྱུར་ཏེ། དེ་ནས་བཙུན་མོ་དཔེ་མེད་ཀྱི་དཔེ་མེད་ཀྱིས་འདི་བསམས་སོ།། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་འདི་ནི་མིའི
19a4 སྐད་དུ་སྨྲས་དེ་གཏམ་འདི་རྒྱལ་པོ་ཚངས་པས་བྱིན་ལ་མི་སྙད་གྲང་རྒྱལ་པོ་ཚངས་པས་བྱིན་དེས་ཀྱང་བདག་བཟུང་སྟེ། མི་བསང་གྲང་སྙམ་ནས། དེ་ནས་བུད་མེད་དེས། བྱའི་རྒྱལ
19a5 པོ་དེ་ལ་ཟས་དུག་ཅན་དང་། སྐོམ་དུག་ཅན་བྱིན་ནོ།། བུད་མེད་དེས་རྨ་བྱའི་རྒྱལ་པོ་དེ་ལ་ཇི་ལྟར་ཟས་དུག་ཅན་དང་། སྐོམ་དུག་ཅན་བྱིན་པ་དེ་ལྟ་དེ་ལྟར་རྨ་བྱའི་རྒྱལ་པོ་དེའི་ལུས
19a6 གཟུགས་ཆེས་བཟང་བ་ཆེས་མཛེས་པ་དང་། ཆེས་ལྟ་ན་སྡུག་པ་དང་། ཆེས་འོད་གསལ་བར་གྱུར་ཏོ།། དེ་ནས་བཙུན་མོ་དཔེ་མེད་ཀྱིས་འདི་སྙམ་དུ་སེམས་ཏེ། རྨ་བྱའི
19a7 རྒྱལ་པོ་གསེར་དུ་སྣང་བ་ལ་བདག་གིས་ཇི་ལྟ་ཇི་ལྟར་ཟས་དྲེགས་ཅན་དང་། སྐོམ་དྲུག་ཅན་བྱིན་པ་དེ་ལྟ་དེ་ལྟར། འདིའི་ལུས་གཟུགས་ཆེས་བཟང་བ་དང་། ཆེས་མཛེས
19a8 པ་དང་། ཆེས་ལྟོ་ནི་སྡུག་པ་དང་། ཆེས་འོད་གསལ་བར་གྱུར་ཏོ་སྙམ་མོ།། དེ་ནས་བཙུན་མོ་དཔེ་མེད་ལ་རྨ་བྱའི་པོ་གསེར་དུ་སྣང་བས་འདི་སྐད་ཅེས་སྨྲས་སོ།། རྐུན་མ་ཁྱོད