| e-texts navigator |
| Wylie |
18b1 དེའི་སྐད་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་ཁྱད་པར་གྲགས་ནས། རྒྱལ་པོ་ཚད་པས་བྱིན་དེ་དགའ་མགུ་ཡིད་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང
18b2 ཡིད་བདེ་བ་སྐྱེས་ཏེ། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་དང་ལྷན་ཅིག་གྲོང་ཁྱེར་བ་ར་ན་སེའི་ག་ལ་བ་དེར་སོང་བ་དང་། གྲོང་ཁྱེར་བ་ར་སེའི་སྒོར་འདུག་ནས།
18b3 སྐད་ཕྱུང་སྟེ། འདི་སྐད་དེས། གྲོང་ཁྱེར་བ་རཱ་ན་སེ་ན། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་བུ་མོ་གང་དག་གནས་པ་དེ་དག་གྲོང་ཁྱེར་གྱི་བསྒོ་ག་ལ་བེ
18b4 དེར་རབ་ཏུ་རྒྱུག་གོ།། དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས།། རྨོ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ལ། བསྐུར་སྟི་བྱེད་དུ་བཅུག། བླ་མར་བྱེད་དུ་བཅུག། རིམ་འགྲོ་བྱེད་དུ
18b5 བཅུག། མཆོད་པ་བྱེད་དུ་བཅུག་ནས། རང་གི་ཁྱིམ་ག་ལ་བ་དང་། བཙུན་མོ་དཔེ་མེད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཙུན་མོ་དཔེ་མེད་ལ་འདི་སྐད་ཅེས་སྨྲས་ཏེ།
18b6 ལྷ་མོ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་འདི་ནི་ཁྱོད་ཀྱི་གན་དུ་རང་འོངས་སོ།། ཞེས་སྨྲས་སོ།། རྒྱལ་པོ་ཚངས་པས་བྱིན་ཏེ། བདག་ཉིད་རྨ་བྱའི་རྒྱལ་པོ་གསེར་དུ་སྣང
18b7 བ་ལ་མེ་ཏོག་དང་འབྲས་བུ་རྣམས་ཀྱིས་རིམ་གྲོ་བྱེད་དོ།། དེའི་ཚེ་དུས་གཞན་ཞིག་ན། རྒྱལ་པོ་ཚངས་པས་བྱིན་ཏེ་བྲེལ་བ་ཞིག་བྱུང་ནས། དེས་འདི་སྙམ་དུ་བསམས་ཏེ།
18b8 སུའི་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ལ་རིམ་འགྲོ་བྱེད་ནས། སྙེམ་ནས་ནས། དེས་ཡང་འདི་སྙམ་དུ་སེམས་ཏེ། བཙུན་མོ་དཔེ་མེད་ནི་མཁས་པ། ཤེས་རབ་ཆེན་པོ