e-texts navigator
Collection
Volume
Page
Wylie

18a1 དཔལ་@#དང་། སྐྱེས་བཟུང་བར་མི་ནུས་སོ།། ཞོ་ཤས་འཚོ་བ་དག་གལ་ཏེ་རྒྱལ་པོ་ཚངས་པས་བྱིན་ང་མཐོང་བར་འདོད་ན། གྲོང་ཁྱེར་བར་ན་སེའི་ནང
18a2 ཤིན་ཏུ་ཕྱག་དར་བྱོས་ཏེ། སྤོས་ཆུས་ཆག་ཆག་ཐོབ་ལ་མེ་ཏོག་སིལ་མ་ཁྲོམ་སྟེ། གདུགས་དང་བ་དན་བྲེས་ཤིག། རྒྱལ་མཚན་བསྒྲེང་ལ། ཕོག་པོར་ནས་བདུགས་པས
18a3 བདུགས་ལ། རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་གྱིས་ཏེ། ཞག་བདུན་གྱི་བར་དཔུང་གི་ཚོགས་ཡན་ལགས་བཞི་པ་དང་། ལྷན་ཅིག་ཏུ་འདིར་ཤོག་ཤིག། དང་། ང་ཉིད་དེར
18a4 འགྲོ་བར་བྱའོ།། ཞེས་འཆིའོ།། དེ་ལྟར་བྱའོ་ཞེས་དེ་རྒྱལ་པོ་ཚངས་པས་བྱིན་གྱིས་རྔོན་པ་དང་། བྱ་བ་དེ་དག་གིས་ལྷ་མཉམ་ནམ་གྲོང་ཁྱེར་བ་ར་ན་སེའི་ནང་ཤིན་ཏུ་ཕྱག
18a5 དར་བྱེད་དུ་བཅུག། སྤོས་ཆུས་ཆག་ཆག་འདེབས་སུ་བཅུག། མེ་ཏོག་སིལ་མ་འགྲེམ་སུ་བཅུག། གདུགས་དང་བ་ངན་འདྲེད་བཅུག། རྒྱལ་མཚན་བསྒྲེང་དུ་བཙུག།
18a6 འོག་བོར་ནས་བདུག་ཏུ་བཅུག། རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟག་བྱེད་དུ་བཅུག་ནས། ཞག་བདུན་འདས་པ་དང་། དཔུང་གི་ཚོགས་ཡན་ལགས་བཞི་པ་གོ་གྱོན་དུ་བཅུག་སྟེ།
18a7 དཔུང་གི་ཚོགས་ཡིན་ལག་བཞི་པ་གོ་སྐེན་ནས། རིན་པོ་ཆེ་སྣ་བདུན་གྱིས་ཤིང་རྟ་ལྔ་སྟེ། དཔུང་གི་ཚོ་གས་ཡན་ལག་བཞི་པོ་དང་ལྷན་ཅིག་ཏུ། རིའི་རྒྱལ་པོ
18a8 གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ག་ལ་བ་དེར་སོང་བ་དང་། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་དེ་བདག་ཉིད་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ། སྐད་ཕྱུང་བ་དང




iiif viewer powered by OpenSeadragon

17b - 18b

Texts on this page

F165 - 'phags pa dpal sbas zhes bya ba'i mdo