| e-texts navigator |
| Wylie |
17a1 དཔལ་སྦས་#། བསྒོག་མཆོག་རྣམས་ཤེས་པར་གྱིས་ཤིག། རིའི་རྒྱལ་པོ་གས་དའི་ལྷོ་ཕྱོགས་ཀྱི་ངོས་ལ། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བ། ཡ
17a2 ལག་བཀྲ་བ། ལུས་བཀྲ་བ། རིན་པོ་ཆེའི་ཆུ་ཅན་འཁོར་ལྔ་བརྒྱ་དང་ལྡན་པ་ཞིག་གནས་ཀྱིས་དེ་ཁྱོད་ཀྱིས་བྱ་རྒྱ་དང་སྙིས་ཟུང་ལ་འདིར་འོད་ཅིག། གལ་ཏེ་འདིར་བླང་བར
17a3 ནུས་ན་ནི་ཤིན་ཏུ་ལེགས་སོ།། ཇི་སྟེ་མ་ནུས་ན་ཁྱོད་ཐམས་ཅད་ཀྱི་སྲོག་ཡལ་ལོ་ཞེས་སྒོ་སྟེ། བདག་ཅག་སྲོག་གིས་འཇིགས་སྐྲགས་ནས། ཁྱོད་ཀྱི་ཕྱིར་འདི་ལྟ་བུར
17a4 འབད་པར་བྱེད་དོ།། རྨ་བྱའི་རྒྱལ་པོ་དེས་སྨྲས་པ། ཞོ་ཤས་འཚོ་བ་དག་ཁྱོད་ཀྱིས་སྙི་དང་། བྱ་རྒྱ་སང་བཟུང་བར་མི་ནུས་སོ།། ཞོ་ཤས་འཚོ་བ་དག་གལ་ཏེ་རྒྱལ
17a5 པོས་ཚངས་པས་བྱིན་ང་ལྟ་བར་འདོད་ན། གྲོང་ཁྱེར་བ་ར་ན་སའི་ནང་ཤིན་ཏུ་ཕྱག་དར་བྱོས་ཏེ། སྤོས་ཆུས་ཆག་ཆག་ཐོབ་ལ། མེ་ཏོག་སིལ་མ་ཁྲོམ་སྟེ། གདུགས་དང
17a6 བ་དན་བྲེས་ཤིང་། རྒྱལ་མཚན་སྒྲེང་ལ། ཕོག་པོར་ནས་བདུག་པས་བདགས་ལ་རིན་པོ་ཆེ་སྣ་བདུན་གྱིས་ཤིང་རྟ་གྱིས་ཏེ། ཞག་བདུན་གྱི་ཉིན་པར་དཔུང་གི་ཚེགས་ཡན
17a7 ལག་བཞི་པ་དང་། ལྷན་ཅིག་ཏུ་འདིར་ཤོག་ཤིག་དང་། ང་ཉིད་དེར་འགྲོ་བར་བྱའོ།། དེ་ལྟར་བྱའོ་ཞེས་ཏེ། རྔོན་པ་དང་བྱའི་མི་དག་རྨ་བྱའི་རྒྱལ་གསེར་དུ་སྣང་བ་ལྟར་མཉན
17a8 ནས། མཐར་གྱིས་གྲོང་ཁྱེར་བ་ར་ན་སའི་རྒྱལ་པོ་ཚངས་པས་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་ཚངས་པས་བྱིན་ལ་འདི་སྨྲས་སོ།། ལྷ་མཁྱེན་པར་མཛད