e-texts navigator
Collection
Volume
Page
Wylie

141a1 བྱོས། མི་མཆོག་གང་དག་ད་ལྟར་བཞུགས་པ་ཡང་།། དེ་དག་ཆོད་ཕྱིར་བདེ་གཤེགས་དྲན་པར་བྱོས།། དང་བའི་སེམས་ཀྱིས་མེ་ཏོག་འཕྲེང་བ་དང་།
141a2 བྱུག་པ་དག་དང་བཟང་དང་བཅས་པ་ཡིས།། བདེ་བར་གཤེགས་པ་ལ་ནི་མཆོད་པར་བྱོས།། ཏིང་ངེ་འཛིན་འདི་ནི་རྙེད་པར་དཀའ་མི་འགྱུར།། ཏིང་ངེ་འཛིན་གྱིས་མཆོག་འདི
141a3 འདོད་པས་ན།། སེམས་མིན་རངས་ཤིང་དཀའ་བར་འདྲ་མེད་པས།། ད་དུང་ཨ་དམ་པ་དང་མྲི་དང་ག། དཔེ་མེད་བསྲེལ་བ་ལ་ནི་རྡུང་བྱེད་དང་།། ཏིང་ངེ་འཛིན་གྱིས་མཆོད
141a4 ནི་འདོད་པས་ན།། རི་མོ་ལེགས་པར་བྲིས་ཤིང་མཚན་རྫོགས་ལ།། གསེར་གྱིས་མདོག་འདྲ་བ་རྒྱ་ཆེན་སྐྱོན་མེད་པའི།། དཔེ་མེད་པའི་སྐུ་གཟུགས་བྱེད་པ་དང་།། སྙིང་།
141a5 པོ་ཐོབ་བྱེད་ཆོས་ནི་མདུན་བདར་ཅིང་།། ཚུལ་ཁྲིམས་ཡོངས་དག་ཐོས་པ་ཚོལ་བྱེད་ལེ་ལོའི།། ལེའི་དངོས་པོ་ཡོངས་སུ་སྤངས་བྱས་ན།། ཏིང་འཛིན་འདི་ནི་རིང་པོ
141a6 མི་ཐོགས་རྙེད།། གནོད་པའི་དངོས་པོ་སུ་ལའང་མི་བྱེད་ཅིང་།། བྱམས་ལ་གནས་དང་སྙིང་རྗེ་གནས་པ་དང་།། འདོད་པའི་ཡོན་ཏན་བཏང་སྙོམས་བྱས་ན་ནི།།
141a7 ཏིང་འཛིན་འདི་ནི་རིང་པོ་མི་ཐོགས་རྙེད།། ཆོས་སྨྲ་བ་ཡང་དེ་བཞིན་བྱམས་པ་བསྐྱེད།། སྟོན་པར་འདུ་ཤེས་རྟག་ཏུ་ཉེ་བར་བཞག། ང་རྒྱལ་མི་བྱེད་ཆགས་པ་སྤངས།
141a8 བྱོས།། ཆོས་མིན་པ་ལ་ནམས་ཀྱང་འབྱུང་མི་འགྱུར།། བསྔགས་པ་བཟང་པོ་མཆོག་འདི་དག་བླང་བར་བྱོས།། ལུང་འགོག་བཟང་པོར་བདེ་བར་གཤེགས་པས་གསུངས།།




iiif viewer powered by OpenSeadragon

140b - 141b

Texts on this page

F175 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo