| e-texts navigator |
| Wylie |
140b1 རིང་དུ་གནས་པར་བྱ་བའི་ཕྱིར། ཅི་ནས་ཀྱང་ཏིང་ངེ་འཛིན་ལེགས་པར་བྱིས་ཤིང་གླེགས་བམ་བྱེད་པ་དང་། མངོན་པའི་ང་རྒྱལ་ཅན་གྱིས་གང་ཟག་རྣམས། མངོན་པའི་ང་རྒྱལ།
140b2 མེད་པའི་ཆོས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇོགས་པ་དང་། དེ་བཞིན་གཤེགས་པའི་བསྟེན་བསྲུངས་པ་དང་། སྦ་བ་དང་། ཡང་དག་པར
140b3 གཟུངས་པའི་ཕྱིར་གནས་པ་སྟེ། བཟང་སྐྱོང་ཆོས་དེ་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐོབ་པོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས
140b4 ཚིགས་སུ་བཅད་པ་འདི་དག་གསུངས་སོ།། བདེ་བར་གཤེགས་པ་བསྟན་པ་ལ་ནི་དད་པ་སྐྱེད།། སྟོང་པ་ཉིད་ཀྱིས་ཆོ་བཤད་མ་སྨོད་ཅིག། བརྩོན་འགྲུས་བརྩོམས་ཤིང་གཉིད
140b5 ན་སྤངས་བྱ་སྟེ།། ཟླ་བ་གསུམ་གཙང་མར་ནམ་ཡང་མ་འདུག་ཤིག། བརྙེད་དང་བཀུར་སྟི་ཚིགས་སུ་བཅད་མི་རྟེན་པར།། བདེ་བར་གཤེགས་པ་མཁྱེན་པའི་ཆོས་ནི་བཤད་བྱ་ཞིང་།།
140b6 རྟེན་མེད་པར་ན་ཆོས་འདི་ཐོབ་པར་འགྱུར།། ཕྲ་དྲོགས་མེད་ཅིང་ཁྲོ་བ་སྐྱེད་མི་བྱ།། འདོད་ཆགས་སྤངས་ཤིང་སེམས་ཅན་རྣམས་གྲོལ་ལ།། མཉམ་པར་བཞག་ཅིང་བསམ
140b7 གཏན་དགའ་བྱ་སྟེ།། སྦྱོར་བ་བྱེད་ན་ཆོས་འདི་ཐོབ་པར་འགྱུར།། གསེར་མདོག་བསོད་ནམས་རྒྱས་པའི་མཚན་མདག་ལ།། མཛེས་ཤིང་ཀུན་ནས་ཡོངས་སུ་རྒྱས་གྱུར་པ།
140b8 གསེར་གྱི་གཟུགས་བཞིན་དུ་ནི་ལྷ་སྡུག་པའི་བསོད་ནམས་མཆོག་མཚན་སངས་རྒྱས་དྲན་པར་བྱོས། སངས་རྒྱས་འདས་འམ་ཡང་ནམ་བྱོན་པ།། ཐལ་མོ་སྦྱོར་ཏེ་རྗེས་སུ་དྲན་པར