| e-texts navigator |
| Wylie |
140a1 བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་ཐོབ་པོ། བཞི་གང་ཞེ་ན། འདི་ལྟ་སྟེ། ཟླ་བ་གསུམ་གྱིས་བར་དུ་སེ་གོལ་བརྡབ་པ།
140a2 ཙམ་ཡང་བདག་གིས་འདུ་ཤེས་མི་བསྐྱེད་པ་དང་། ཟླ་བ་གསུམ་གྱིས་བར་དུ་སེ་གོལ་བརྡབ་ཙམ་ཡང་རྨུགས་དང་། གཉིད་ཀྱི་མི་ནོན་པ་དང་། བཤད་པ་དང་གཅིག་པ་མ་གཏོགས་པར
140a3 ཟླ་བ་གསུམ་གྱི་བར་དུ་བརྩོན་འགྲུས་བརྩམས་ཏེ། ཆགས་པ་ལ་ཞུགས་ནས་མི་འདུག་པ་དང་། གཞན་དག་ལ་ཡང་ཆོས་ཀྱིས་སྦྱིན་པ་རྒྱ་ཆེར་གཏོང་བའི་སྟེང་དུ། རྙེད་པ་དང་བཀུར་སྟི་དང
140a4 ཚིག་སུ་བཅད་པ་ལ་མི་རེ་བ་སྟེ། བཟང་སྐྱོང་ཆོས་དེ་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐོབ་པོ།། བཟང་སྐྱོང་གཞན་ཡང་ཆོས་བཞི་དང་ལྡན
140a5 ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་ཐོབ་པོ།། བཞི་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བལྟ་བར་སེམས་ཅན་རྣམས་ལ་བསྐུལ་བ་དང་། ཆོས་ཉན་པར
140a6 སེམས་ཅན་རྣམས་ལ་བསྐུལ་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པར་སེམས་ཅན་རྣམས་ལ་བསྐུལ་བ་དང་། ཕྲ་དོགས་མེད་པའོ།། བཟང་སྐྱོང་དེ་བཞི་དང་ལྡན་ན། བྱང་ཆུབ་སེམས
140a7 དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་ཐོབ་པོ།། བཟང་སྐྱོང་གཞན་ཡང་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐོབ་པོ།།
140a8 བཞི་གང་ཞེ་ན། འདི་ལྟ་སྟེ། ཏིང་ངེ་འཛིན་འདི་འདོད་པས་ཆུང་ངུ་ན་རི་མོ་ཙམ་གྱིས་ཡང་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་པ་དང་། ཏིང་ངེ་འཛིན་འདི་འདོད་འདི་ཡུན